བོད་ལྗོངས་ས་དགའ་རྗོང་གིས་གནའ་བོའི་རྒྱ་གཞས་འཁྲབ་སྟོན་བྱས་ཏེ་ཕྱུག་འགྱུར་ལམ་བུ་གསར་གཏོད་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-13


     2012ལོ་ནས་བཟུང་། ས་དགའ་རྫོང་སྲིད་གཞུང་གིས་རྒྱ་གཞས་དང་གླིང་སྒྲུང་། གདོད་མའི“འབྲོག་གླུ”སོགས་ལོ་རྒྱུས་ཀྱི་བརྗོད་གཞི་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་གཙོ་གནད་དུ་བཟུང་ནས་ས་དགའི་ས་ཁོངས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་ཕུལ་བྱུང་ཁག་གཅིག་ཁྱབ་སྤེལ་བྱས་ནས་ཞིང་འབྲོག་མང་ཚོགས་ཁག་ཅིག“རིག་གནས་འཁྲབ་སྟོན་པར”སྒྱུར་བར་སྐུལ་ཁྲིད་བྱས་ནས་རིག་གནས་དར་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར“གཉིས་རྒྱལ”མངོན་འགྱུར་བྱས་པ་རེད། རྒྱ་གཞས་ནི་བཀྲ་ཤིས་ཀྱི་ཕ་ཡུལ་བོད་རང་སྐྱོང་ལྗོངས་ས་དགའ་རྫོང་སྟེང་དཀར་ཤང་གི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཚོགས་པའི་གླུ་གར་འཁྲབ་སྟོན་ཞིག་ཡིན་ཞིང་། 2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བདམས་ཐོན་བྱུང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1