དཀར་མཛེས་ཁུལ་གྱི་ཤིང་འཛུགས་ནགས་སྐྲུན་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ།
ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-14
2017 ལོའི་བར། དཀར་མཛེས་ཁུལ་ཡོངས་ཀྱི་དམངས་ཡོངས་འོས་འགན་ཤིང་འཛུགས་ཀྱི་མིའི་ཐེངས་གྲངས་ཁྲི270ལྷག་ལ་སླེབས་ཡོད་པས་ཤིང་རིགས་སྡོང་རྐང་ཁྲི1300 ལྷག་བཙུགས་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོའི་བར་ཀུ་ཤུའི་ཐོན་ཚད་རྒྱ་མ་ཁྲི200ལྷག་བསླེབས་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི300 ལྷག་ལ་ཟིན་ཡོད་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི5ཡན་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.5ཙམ་ལ་ཟིན་ཡོད་པ་རེད།
དཀར་མཛེས་ཁུལ་ནགས་ལས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ5ཡི་རིང་ལ་རང་ཁུལ་གྱིས་ནགས་ཚལ་མུའུ་ཁྲི9052.11ལ་སྲུང་སྐྱོང་བྱས་ཡོད། ( དེའི་ནང་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་མུའུ་ཁྲི7127.31བདག་སྐྱོང་དང་ཐུན་མོང་གི་སྤྱི་ཕན་ནགས་ཚལ་མུའུ་ཁྲི1924.8བདག་སྐྱོང་བྱས་ཡོད། ) མིས་བཟོས་ནགས་ཚལ་ཁྱོན་བསྡོམས་མུའུ་ཁྲི1.3དང་རི་རྒྱ་ནགས་གསོ་མུའུ་ཁྲི25.7 རྒྱལ་དབང་སྡོང་ཕྲུག་མུའུ་ཁྲི153.2གསོ་སྐྱོང་བྱས་ཡོད། མ་དངུལ་སྒོར་ཁྲི289786.08གཤམ་སྤྲོད་བྱ་རྒྱུའི་འཆར་གཞི་བཞག་པར་ཁྱོན་བསྡོམས་མ་འཇོག་སྒོར་ཁྲི289786.08ལེགས་གྲུབ་བྱུང་ཡོད། ( དེའི་ནང་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་དོ་དམ་སྲུང་སྐྱོང་ཐད་སྒོར་ཁྲི134622.8དང་ཐུན་མོང་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་ཐད་སྒོར་ཁྲི134093.28 མིས་བཟོས་ནགས་ཚལ་ཐད་སྒོར་ཁྲི430 རི་རྒྱ་ནགས་གསོ་ཐད་སྒོར་ཁྲི2256 རྒྱལ་དབང་སྡོང་ཕྲུག་གསོ་སྐྱོང་ཐད་སྒོར་ཁྲི18384བཅས་བཏང་ཡོད་པ་རེད། )
དཀར་མཛེས་ཁུལ་ནགས་ལས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་ཁུལ་གྱིས་མུའུ་བརྒྱ་ཁྲིའི་ནགས་ལས་ཐོན་ཁུངས་ཀྱི་རྟེན་གཞི་བཙུགས་པ་ནས་བཟུང་། ན་ལོར་རྨང་གཞི་འཛུགས་སྐྲུན་མུའུ་ཁྲི13.18གྲུབ་ནས་ལོ་འཁོར་གྱི་དབུལ་ཐར་གྲོང་སྡེ98ལ་སྟར་ཀ་མུའུ་ཁྲི1.26དང་གཡེར་མ་མུའུ་ཁྲི་0.82 འོ་སེ་ཇའི་ནགས་ཚལ་མུའུ་ཁྲི2.46བཅས་འཛུགས་པར་སྣེ་ཁྲིད་བྱས་ཡོད་པ་རེད།
དཀར་མཛེས་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་རྟེན་གཞི་འཛུགས་སྐྲུན་མུའུ་ཁྲི95.41གྲུབ་པ་དང་དེའི་ཁྲོད་དུ་སྟར་ཀའི་ནགས་ཚལ་མུའུ་ཁྲི54.28དང་གཡེར་མ་མུའུ་ཁྲི24.51 འོ་སེ་ཇའི་ནགས་ཚལ་མུའུ་ཁྲི16.23 གཞན་དག་མུའུ་ཁྲི0.39བཅས་ཡོད་པ་རེད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1