རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆར་བསྒྱུར་བཅོས་ཆེན་པོ་གཏང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-15



རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི།
     དེ་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་གནང་རྒྱུར་ཕུལ་ཡོད། ཇུས་གཞི་དེར་གཞིགས་ན། བསྒྱུར་བཅོས་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་རིམ་པ་རྒན་པའི་ལས་ཁུངས་༨ཉུང་དུ་གཏོང་རྒྱུ་དང་། པུའུ་རིམ་པ་གཞོན་པའི་ལས་ཁུངས་༧ཉུང་དུ་གཏོང་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་༢༦སྒྲིག་བཀོད་བྱས་ཡོད་པ་རེད། ཞིབ་ཕྲའི་ལེགས་སྒྲིག་གནས་ཚུལ་གཤམ་གསལ།
དང་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ལེགས་སྒྲིག་སྐོར།
༡ རང་བྱུང་ཐོན་ཁུངས་པུའུ་འཛུགས་རྒྱུ།
     རྒྱལ་སྲུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་རྒྱ་མཚོ་ཅུས། རྒྱལ་ཁབ་ཚད་འཇལ་རིས་འབྲི་ས་ཁམས་ཆ་འཕྲིན་ཅུས་བཅས་མི་དགོས་པ་བཟོ་རྒྱུ།
༢ སྐྱེ་ཁམས་ཁོར་ཡུག་པུའུ་འཛུགས་རྒྱུ།
     ཁོར་ཡུག་སྲུང་སྐྱོབ་པུའུ་མི་དགོས་པ་བཟོ་རྒྱུ།
༣ ཞིང་ལས་གྲོང་གསེབ་པུའུ་འཛུགས་རྒྱུ།
     ཞིང་ལས་པུའུ་མི་དགོས་པ་བཟོ་རྒྱུ།
༤ རིག་གནས་དང་ཡུལ་སྐོར་པུའུ་འཛུགས་རྒྱུ།
     རིག་གནས་པུའུ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས་མི་དགོས་པ་བཟོ་རྒྱུ།
༥ རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།
     རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་མི་དགོས་པ་བཟོ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་མི་དགོས་པ་བཟོ་རྒྱུ།
༦ དམག་ཞབས་ཐིམ་པའི་དམག་མིའི་བྱ་དོན་པུའུ་འཛུགས་རྒྱུ།
༧ འཕྲལ་སྒྲུབ་དོ་དམ་པུའུ་འཛུགས་རྒྱུ།
     རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མི་དགོས་པ་བཟོ་རྒྱུ།
༨ ཚན་རིག་ལག་རྩལ་པུའུ་བསྐྱར་དུ་འཛུགས་རྒྱུ།
༩ ཁྲིམས་འཛིན་པུའུ་བསྐྱར་དུ་འཛུགས་རྒྱུ།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་ལུགས་གཞུང་ལས་ཁང་མི་དགོས་པ་བཟོ་རྒྱུ།
༡༠ ཆུ་བེད་པུའི་འགན་འཁྲི་ལེགས་བསྒྱུར་བྱ་རྒྱུ།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲི་ཆུའི་འགག་གསུམ་ལས་གཞི་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྷོ་ཆུ་བྱང་འདྲེན་ལས་གཞི་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་བཅས་མི་དགོས་པ་བཟོ་རྒྱུ།
༡༡ ཞིབ་རྩིས་ཧྲུའུ་ཡི་འགན་འཁྲི་ལེགས་བསྒྱུར་བྱ་རྒྱ།
     གཞུང་ཁོངས་གཙོ་གནད་ཁེ་ལས་ཆེ་གྲས་ཀྱི་ལྟ་ཞིབ་པའི་ལྷན་ཚོགས་མི་དགོས་པ་བཟོ་རྒྱུ།
༡༢ ལྟ་ཞིབ་པུའུ་གསར་དུ་འཛུགས་རྒྱུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནང་ཟླ་སྒྲིལ་གཏོང་རྒྱུ།
     ལྟ་ཞིབ་པུའུ་དང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་མི་དགོས་པ་བཟོ་རྒྱུ། 
        བསྒྱུར་བཅོས་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་༢༦སྒྲིག་བཀོད་བྱ་རྒྱུ།    

        བསྒྱུར་བཅོས་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག
     སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱས་པའི་《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཁུངས་བསྒྱུར་བཅོས་ཇུས་གཞི་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་ཇུས་གཞི 》ལྟར།

    (རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ལེགས་སྒྲིག་དང་སྒྲིག་བཀོད་བྱས་ནས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནས་གྲོས་ཞིབ་གནང་སྟེ་ཆོག་མཆན་སྤྲོད་རྒྱུར་ཕུལ་བ)

གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་གཞན་དག་ལེགས་སྒྲིག་སྐོར།
༡ རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ།
     རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས། རྒྱལ་ཁབ་བཟའ་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་མི་དགོས་པ་བཟོ་རྒྱུ།
༢ རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་འཛུགས་རྒྱུ།
     རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་མི་དགོས་པ་བཟོ་རྒྱུ།
༣ ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།
     ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མི་དགོས་པ་བཟོ་རྒྱུ།
༤ རྒྱལ་ཁབ་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ཧྲུའུ་འཛུགས་རྒྱུ།
 ༥ རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་འཛུགས་རྒྱུ།
 ༦རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གྲབས་གསོག་ཅུས་འཛུགས་རྒྱུ། 
     རྒྱལ་ཁབ་འབྲུ་རིགས་ཅུས་མི་དགོས་པ་བཟོ་རྒྱུ།
༧ རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་འཛུགས་རྒྱུ།
༨རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་འཛུགས་རྒྱུ།
     རྒྱལ་ཁབ་ནགས་ལས་ཅུས་མི་དགོས་པ་བཟོ་རྒྱུ།
༩ རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་བསྐྱར་འཛུགས་བྱ་རྒྱུ།
༡༠ རྒྱལ་ཡོངས་སྤྱི་ཚོགས་འགན་ལེན་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་འབྲེལ་བ་ལེགས་སྒྲིག་བྱ་རྒྱུ།
༡༡ རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་ཀྱི་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བསྒྱུར་བཅོས་བྱས་ནས། ཞིང་ཆེན་རིམ་པ་དང་ཞིང་ཆེན་རིམ་པ་མན་གྱི་རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་ལས་ཁུངས་ཟླ་སྒྲིལ་གཏོང་རྒྱུ། 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཕུད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོང་གཏོགས་ལས་ཁུངས་ཀྱི་ལེགས་སྒྲིག་དང་སྒྲིག་བཀོད་དེ། གསར་དུ་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཞིབ་བཤེར་བྱས་ཏེ་ཆོག་མཆན་སྤྲོད་རྒྱུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1