དཔེ་ཁང་ཆུང་ངུའི་བྱེད་ནུས་མཐོ་རུ་བཏང་བ།
ཚེ་རིང་དབང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21
ཞིང་དུད་དཔེ་ཁང་ལ་བདག་གཉེར་ལེགས་པོ་བྱེད་རྒྱུ་དང་། ཞིང་བ་རྣམས་ཀྱི་བསམ་པའི་རྒྱགས་ཕྱེ་རུ་འགྱུར་བྱེད་པ། བདེ་སྐྱིད་ཀྱི་ཁྱིམ་གཞིས་སུ་འགྱུར་བར་བྱ་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་གཏན་ནས་མིན་མོད། གཟི་རྩ་སྡེ་དགུ་རྫོང་ལིན་ཅང་ཡུལ་ཚོའི་དཔེ་ཁང་བདག་གཉེར་བ་ཀྲུང་ཡོན་ཆོན་གྱིས་སྡེ་བར་ཞབས་ཞུ་བསྒྲུབས་པར་བརྟེན་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་མ་ཟད། རབ་དང་རིམ་པའི་གདམས་གསེས་བྱས་པ་བརྒྱུད་དེ་རང་ཁུལ་གྱི་རྒྱལ་ཡོངས་ཕུལ་བྱུང་དཔེ་ཁང་བདག་གཉེར་བ་ཐོག་མར་གྱུར།
ཐོ་འགོད། བདག་གཉེར། ཕྱོགས་བསྡོམས། དཔེ་ཆ་གཡར་བ་སོགས་ནི་ཀྲུང་ཡོན་ཆོན་གྱི་ཉིིན་གཅིག་གི་བྱ་བ་ཡིན། 2025ལོའི་ཟླ་དང་བོར་ལེ་ལུའུ་སྡེ་བའི་ཞིང་དུད་དཔེ་ཁང་གི་ བདག་གཉེར་བར་བསྐོས་པ་ནས་བཟུང་། དུས་ཚོད་ཅི་འདྲ་ཞིག་ལ་སླེབས་རུང་། དཔེ་ཆ་གཡར་དུ་སུ་ཞིག་ཡོང་རུང་མོས་སྤྲོ་སེམས་འཁོལ་བའི་སྒོ་ནས་སྣེ་ལེན་བྱེད་པ་རེད།
སྣེ་ལེན་བཟང་བོ་བྱེད་པ་མ་ཟད། ད་དུང་མང་ཚོགས་ལ་དཔེ་ཀློག་གི་སྤྲོ་བ་ཇི་ལྟར་འཕེལ་ཚུལ་དང་། ཇི་ལྟར་དཔེ་ཆ་གཡར་སྤྲོད་གྱི་འདོད་པ་ཚིམ་ཚུལ་ལ་ཀྲུང་ཡོན་ཆོན་བློ་སེམས་རྩེ་གཅིག་གིས་གཞོལ་ཏེ་སྡེ་བའི་མང་ཚོགས་ལ་གང་དགོས་དེར་བསྟུན་དང་། སློབ་སྦྱོང་གི་ཁྱད་ཆོས། ཞིང་དུད་དཔེ་ཁང་གི་སྒོ་འབྱེད་ཀྱི་དུས་ཚོད་སོགས་གཏན་འཁེལ་བྱས་ཡོད།
ཀྲུང་ཡོན་ཆོན་གྱིས་དཔེ་ཁང་བདག་གཉེར་བྱས་པ་གལྲ་དག་ཅིང་གཙང་ལ། དཔེ་ཆའང་རིགས་དགར་ཡོད་ལ། ལོ་རེ་རེའི་དབྱར་དགུན་གྱི་གུང་གསེང་སྐབས་སུ་ཞིང་དུད་དཔེ་ཁང་ནི་འདུ་འཛི་ཆེ་བའི་གནས་སུ་གྱུར་འདུག
ཐེངས་འདིར་ཀྲུང་ཡོན་ཆོན་ནི་རྒྱལ་ཡོངས་ཀྱི་ཕུལ་བྱུང་དཔེ་ཁང་བདག་གཉེར་བར་གྱུར་མོད། མོར་ང་རྒྱལ་དང་རང་རློམ་གཏན་ནས་མེད་པར་མདུན་ལྗོངས་ཀྱི་ལམ་ཞེང་ཇེ་ཆེར་གྱུར་ནས་ཡོད་ལ། ཐེངས་འདིའི་གཟེངས་རྟགས་ཀྱིས་མོ་ལ་ཡར་སྐུལ་དང་ངར་ཤུགས་སྟེར་ངེས་པས། དཔེ་ཁང་གི་བྱ་བ་ཇེ་ལེགས་ཇེ་བཟང་དུ་འགྲོ་ངེས་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1