ད་ལོའི་སྤྱི་ཟླ3པ་ནས་བཟུང་དཀར་མཛེས་ཁུལ་གྱི་རིམ་པ་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སྔར་ལྷག་གིས་ངོས་འཛིན་ཟབ་མོ་དང་བསམ་བློ་གཅིག་འགྱུར། ཁུལ་ཡོངས་ཀྱི་ཧ་ཅང་དབུལ་པོའི་གཙོ་གནད་གནད་དོན་དང་དམིགས་བསལ་གྱི་ཞན་ཆ་ལ་གཞིགས་ནས་ཕྱོགས་དྲུག་ཐད་ལ་ཤུགས་བསྒྲིམས་ཏེ་ཧ་ཅང་དབུལ་ཕོངས་ཀྱི་རྣམ་པ་འགག་སྒྲོལ་བྱ་རྒྱུ་རེད།
སྡོད་ཁང་འགན་སྲུང་འགག་སྒྲོལ་ཡག་པོ་བྱ་རྒྱུའི་ཐད་ཤུགས་བསྒྲིམ་དགོས། སྡོད་ཁང་ཉེན་མེད་འགན་སྲུང་བྱ་རྒྱུ་དེ་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱ་རྒྱུའི་དམིགས་ཡུལ་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ས་གནས་གཞན་དུ་སྤོས་ནས་དབུལ་སྐྱོང་བྱ་རྒྱུའི་སྲིད་ཇུས་ལག་ལེན་ནན་པོ་བྱས་མཐར། དུད་ཚང7168ས་གནས་གཞན་དུ་སྤོས་ནས་དབུལ་སྐྱོར་བྱ་རྒྱུ་དང་བོད་ཁུལ་གྱི་ཁྱིམ་གཞིས་གསར་པའི་དུད་ཚང3073 བསྐྲུན་རྒྱུ། དུད་ཚང17153གྱི་ཞིང་སྡེའི་ས་ཕག་སྡོད་ཁང་ལེགས་བཅོས་བྱ་རྒྱུ། དུད་ཚང395ས་གཤིས་གནོད་འཚེ་ལས་གཡོལ་ཟུར་གནས་སྤོས་བྱ་རྒྱུ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་གི་སྡོད་ཁང་ཉེན་མེད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
ཐོན་ལས་དབུལ་སྐྱོར་འགག་སྒྲོལ་ཡག་པོ་བྱ་རྒྱུའི་ཐད་ཤུགས་བསྒྲིམ་དགོས། ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་སའི་དཔེ་སྟོན་ས་ཁུལ2དང་དཔེ་སྟོན་གྲོང་སྡེ40 གྲོང་གསེབ་ཀྱི་ཡུལ་དམངས་གནས་ཚང300འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད། ཏན་ཏིག་གིས་ཁྱད་ཆོས་ཀྱི་ཞིང་ལས་དང་ཤིང་ཏོག་ཐོན་ལས་རྟེན་གཞི་མུའུ་ཁྲི100ཅན2འཛུགས་སྐྱོང་བྱ་རྒྱུ་དང་། སྤྱི་ལེ100ཅན3གྱི་དབུལ་ཐར་འབྱོར་འབྲིང་དུ་སྐྱོད་པའི་ཐོན་ལས་བརྒྱུད་རིམ་གྱི་འཛུགས་སྐྲུན་གྲུབ་འབྲས་རྒྱ་སྐྱེད་གཏོང་བ་དང་ཆབས་ཅིག ཁྱད་ཆོས་ཀྱི་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི3.6དང་ནགས་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི1.4 ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ20འཛུགས་སྐྱོང་བྱས་ནས་ཞིང་ལས་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས་མི18703དབུལ་ཐར་ཡོང་བ་བྱ་དགོས།
ལས་ཞུགས་དབུལ་སྐྱོར་འགག་སྒྲོལ་ཡག་པོ་བྱ་རྒྱུའི་ཐད་ཤུགས་བསྒྲིམ་དགོས། ནུས་ཤུགས་ཡོད་རྒུས་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་མི་ལག་གནད་དུ་འཁེལ་བ་དང་ལས་ཞུགས་གསོ་སྦྱོང་། ལས་ཞུགས་སྤོས་བསྒྱུར། ལས་ལམ་གསར་གཏོད། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་མི་ལག15710ལས་ཞུགས་བྱ་རྒྱུའི་རྣམ་པ་མངོན་འགྱུར་བྱས་པའི་དུས་མཚུངས་སུ། མི6500སྒྲིག་འཛུགས་བྱས་ནས་ལས་ཞུགས་དབུལ་སྐྱོར་གྱི་ལག་ཤེས་འཇོན་ནུས་གསོ་སྦྱོང་བྱ་རྒྱུ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས21417གསར་སྦོལ་བྱས་པར་བརྟེན། ངལ་རྩོལ་མ་ལག་ཡོད་མཁན་གྱི་དབུལ་ཕོངས་དུད་ཚང་ལ་ཉུང་མཐའ་ཡང་མི་གཅིག་ལས་ཞུགས་བྱས་ཏེ་ཡོང་འབབ་འཕར་སྣོན་ཡོང་བར་འགན་སྲུང་བྱ་རྒྱུ་ཡིན་པ་རེད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་ཐད་ཤུགས་བསྒྲིམ་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གསབ་སྣོན་བྱ་རྒྱུར་དམིགས་ནས་འགྲིམ་འགྲུལ་སྔོན་དུ་སྤེལ་ནས་ཞིང་སྡེའི་ཨར་འདམ་གཞུང་ལམ་སྤྱི་ལེ1249སྐུལ་འདེད་གཏང་རྒྱུ་དང་། ཉེན་མེད་ཀྱི་འཐུང་ཆུ་སྲ་བརྟན་སྤུས་ལེགས་བྱས་ཏེ་དབུལ་ཕོངས་མི་འབོར29664ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་དགོས། གློག་དྲྭའི་ལས་གཞི13སྐུལ་འདེད་བཏང་ནས་དབུལ་ཕོངས་མི་འབོར1667ཡི་གློག་སྤྱོད་རྒྱུའི་གནད་དོན་ཐག་གཅོད་བྱ་དགོས། ཉི་འོད་གློག་ཤུགས་ཀྱི་དབུལ་སྐྱོར་ལས་གཞི9ལག་ལེན་བྱས་ནས་དབུལ་ཕོངས་མི་འབོར22767གྱི་ཡོང་འབབ་རྒྱུན་མཐུད་དུ་འཕར་སྣོན་གཏང་དགོས།
སློབ་གསོ་དང་འཕྲོད་བསྟེན་ཆ་རྐྱེན་འགན་སྲུང་བྱ་རྒྱུའི་ཐད་ཤུགས་བསྒྲིམ་དགོས། མུ་མཐུད་ནས་མི་རིགས་ས་ཁུལ་དུ་ལོ15ལ་སློབ་ཡོན་མི་དགོས་པའི་སློབ་གསོ་དང"དགུ་ཐོག་གསུམ་བསྣན"གྱི་ལས་རིགས་སློབ་གསོ་ལག་ལེན་བྱས་པའི་དུས་མཚུངས་སུ། སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུའི་འཆར་གཞི་དང་གྲོང་སྡེ་རེར་བྱིས་པ་ཁང་རེ་འཛུགས་རྒྱུའི་ལས་གྲྭ་ལག་ལེན་བྱས་ནས་བྱིས་པ་ཁང167བསྐྲུན་རྒྱུ་དང་། སློབ་སྐྱུར་ཚོད་འཛིན་བྱས་ཏེ་དབུལ་ཕོངས་དུད་ཚང་གི་སློབ་མ་བརྒྱ་ཆ100ལ་རོགས་སྐྱོར་ཐོབ་པ་བྱ་དགོས། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ཚང་མར་རིན་པ་མི་དགོས་པ་ལུས་པོའི་བདེ་ཐང་ནད་བརྟག་བྱས་ཏེ་ཡིག་ཚང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི22ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་སྲ་བརྟན་གཏང་དགོས། ཞིང་སྡེའི་འཕྲོད་བསྟེན་ཁང400འཛུགས་སྐྲུན་བྱས་ཏེ་གཞི་རྩའི་སྨན་བཅོས་དགོས་མཁོའི་སྲིད་ཇུས་ལག་ལེན་ཡག་པོ་བྱ་དགོས།
སྐྱེ་ཁམས་དབུལ་སྐྱོར་འགག་སྒྲོལ་ཡག་པོ་བྱ་རྒྱུའི་ཐད་ཤུགས་བསྒྲིམ་དགོས། ཁོར་ཡུག་སྦགས་བཙོག་དང་ཞན་ཆ། མི་ཕྱུགས་བསྲེས་ནས་སྡོད་པ། གད་སྙིགས་དང་བཙོག་ཆུ་ཐག་གཅོད་སོགས་ཁོར་ཡུག་གི་དམིགས་སུ་ཐོན་པའི་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཏེ་ཏན་ཏིག་གིས་རི་ཐོག་ཤིང་འཛུགས་པ། ལམ་གཡས་གཡོན་དུ་མེ་ཏོག་འདེབས་པ། ཆུ་བོ་མཚེའུ་ལ་སྒྱུར་བའི་ལས་གྲྭར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཞན་པའི་ས་ཁུལ་འཛུགས་སྐྲུན་དང་དག་བཅོས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་རང་བྱུང་སྲུང་སྐྱོང་གི་སྤྱི་ཕན་ནགས་ཚལ་མུའུ་ཁྲི5.74དང་རེས་གསར་པའི་ཞིང་སྐྱུར་ནགས་བཟོ་མུའུ་ཁྲི0.78 ནགས་ཚལ་གསོ་སྐྱོང་མུའུ་ཁྲི27.9ལག་ལེན་བྱ་དགོས། རྒྱལ་ཁབ་ལ་དབང་བའི་ནགས་ཚལ་མུའུ་ཁྲི5309.13དང་ཐུན་མོང་གི་སྤྱི་ཕན་ནགས་ཚལ་མུའུ་ཁྲི1923.7རྒྱུན་དུ་དོ་དམ་སྲུང་སྐྱོང་བྱ་དགོས་པ་རེད། །