ཟླ་3ཚེས་20ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་དབྱིབས་རྩིས་དཔེ་ཁང་དུ། ཐང་ག་དང་མེ་ཏོག་མཆོད་པ་སོགས་བཟོ་བའི་ལག་རྩལ་ལ་རོལ་མྱོང་བཞིན་ཡོད་པ་ལ། ཤེས་རྟོགས་བྱུང་བ་ལྟར་ན། དཔེ་ཁང་དེ་ཡིས"གངས་ལྗོངས་ས་གཙང"ཞེས་པའི་ཆེད་ཁུལ་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱིས་གྲོང་ཁྱེར་སྡེ་ཁུལ་ནས་ཐང་ག་དང་མེ་ཏོག་མཆོད་པ། ཚ་ཚ་སོགས་བཟོ་བའི་སྲོལ་རྒྱུན་ལག་རྩལ་མྱོང་རོལ་བྱ་ཐུབ་པ་བྱས་ཡོད་པ་རེད།