བརྩམས་སྒྲུང《བཙུན་ཡག》གི་སྒྱུ་རྩལ་ཁྱད་ཆོས་ལ་ དཔྱད་པ།

སྲིང་བཞི་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22


གླེང་གཞི།

 

དཔྱད་རྩོམ་འདིར་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང《བཙུན་ཡག》དམིགས་སུ་དྲངས་ཏེ་བརྩམས་སྒྲུང་འདིའི་དགེ་མཚན་དང་ཁྱད་ཆོས།  བརྗོད་དོན་སོགས་གླེང་རིན་དང་དཔྱད་རིན་ཡོད་པར་མཐོང་ནས་བརྩམས་ཆོས་སྤྱི་ཙམ་ལ་སྔོག་འདོན་དང་དཔྱད་པ་ཅུང་ཙམ་བགྱིས་ཡོད། གཞན་ཡང་དེང་གི་འཚོ་བའི་གནས་བབ་དང་བརྩམས་སྒྲུང་དུ་བཀོད་པའི་གནས་ཚུལ་སོགས་ཤིན་ཏུ་ཁ་འཕྲོད་པས་མི་སྣ"བཙུན་ཡག"ནས་མགོ་བརྩམས་ཏེ་འབྲེལ་ཡོད་ཀྱི་ལྷ་མཚོ་དང་།  ཁོ་གཉིས་བར་གྱི་དོན་དག  ཁྱིམ་བསྐྱང་མི་འདོད་པའི་གནས་ཚུལ།  བཙུན་ཡག་དང་འབྲེལ་བའི་རྩྭ་ས་རྩོད་གླེང་།  རྩྭ་ས་རྩོད་གླེང་ལ་གཡོལ་བའི་རྒྱུ་རྐྱེན་སོགས་ལ་དམིགས་ནས་རྩོམ་གྱི་གླེང་བསླང་བར་བྱའོ། །

 

གཅིག   བརྩམས་ཆོས་ཀྱི་བརྗོད་སྙིང་།

 

བརྩམས་སྒྲུངབཙུན་ཡགགི་ནང་དུ་མི་སྣ་གཙོ་བོ་སྟེ་དགེ་འདུན་རྒྱ་མཚོའམ"བཙུན་ཡག"གྲོང་མཁར་ནས་གྲྭ་ལོག་བྱས་རྗེས་ཕྱིར་ཕ་ཡུལ་དུ་ལོག་པ་དང་།  ཕ་ཡུལ་དུ་ལོག་རྗེས་རང་ཉིད་གྲྭ་ལོག་བྱས་པའི་གནས་ཚུལ་ཁྱིམ་མིར་མ་གསང་བར་དྲང་མོར་བཤད་འདོད་ཀྱང་ངག་ནས་མ་འཁྲོལ། དེ་ནས་ཕྱིར་རྫོང་མཁར་དུ་སོང་སྟེ་གྲོང་ཁྱེར་གྱི་ཟང་ཟིང་ལ་ཆགས་པ་དང་།  གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་ནས་ཁོས་ད་དུང་ཡང་གཟམ་ཤན་མ་ཕུད་པར་བུ་མོ་ལྷ་མཚོ་དང་མཉམ་དུ་འཚོ་བ་རོལ་ཏེ་ཁ་ཕྱོགས་དང་དམིགས་ཡུལ་ཅི་ཡང་མེད་པའི་སྒོ་ནས་ལོ་ཟླ་ཕར་ལ་བསྐྱལ།  ཡིན་ཡང་སྐབས་རེར་ཁོ་རང་གྲྭ་ལོག་བྱས་པར་སེམས་གཏིང་ནས་ནོངས་འགྱོད་དང་སྐྲག་སྣང་སྐྱེས་པས་སེམས་ཁམས་ཤིན་ཏུ་སྐྱིད་པའི་དུས་ཤིག་མ་བྱུང་བ་འདྲ།   ཁོ་རང་ཆེས་སྐྲག་པ་ནི་གལ་ཏེ་གཟན་ཤམ་ཕུད་པ་ཡིན་ན་སྡེ་པའི་ནང་གི་སྟག་ཤར་ཚོར་འགྲོགས་ནས་རྩྭ་ས་རྩོད་གླེང་གི་འཐབ་འཁྲུག་ལ་ཞུགས་དགོས་པ་མ་ཟད།  ད་དུང་ལས་ཀ་ལྕི་མོ་ལས་དགོས་པས་རང་ཉིད་མལ་ས་དྲོན་མོ་དང་ཁ་རྒྱབ་རྩོལ་སྒྲུབ་ལ་ལོབས་མེད་པ་སོགས་ལས་སྡུག་བསྔལ་མང་པོར་སྐྲག་སྟེ་ཅི་ཡིན་འདི་ཡིན་མེད་པར་འཚོ་བ་རོལ།  རྗེས་སུ་མགྲོན་ཁང་ཞིག་གི་ནང་ནས"བཙུན་ཡག"གྲྭ་བ་རྒན་པ་གཉིས་དང་འཕྲད་རྗེས་གྲྭ་བ་དེ་གཉིས་ཀྱིས་ཁོ་རང་ཉི་ཟེར་དགོན་གྱི་སྤྲུལ་སྐུར་ཐག་བཅད་པ་དང་།  བཙུན་ཡག་གིས་ཁོ་རང་སྤྲུལ་སྐུ་མིན་པའི་གནས་ཚུལ་བཤད་ཀྱང་གྲྭ་རྒན་གཉིས་ཨུ་ཚུགས་ཆེ་བས་ཁོ་ལ་ཐབས་བཀོད་མ་བྱུང་།  དེ་ནས་ཁོས་གློ་བུར་དུ་ལྷ་མཚོ་ཡིད་ལ་ཤར་བ་དང་།  མགྲོན་ཁང་གི་སྒོར་ཕྱིར་བུད་པ་ན་གློག་ཁང་དམར་པོ་སྟེ་ལྷ་མཚོ་འདུག་སའི་ཁང་པའི་ཕྱི་རོལ་དུ་མི་མང་པོ་འདུས་ཤིང་།  ལྷ་མཚོ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་སྙིང་ལ་གཟན་པའི་ཉེན་དུང་གྲག་བཞིན་ཁོ་དང་རིང་དུ་གྱེས་སོང་བ་རེད།  དེ་ལྟར་ལྷ་མཚོ་དང་ཁ་གྱེས་རྗེས་ཀྱི་ཉིན་མོ་ནི་ཁོར་མཚོན་ན་སེམས་པ་ཆེས་འཁྱག་པའི་ཉིན་མོ་དེ་ཡིན་སྲིད།  དེ་བས་བརྩམས་སྒྲུང་གི་ནང་དུ་དེ་རིང་ནི་རྫོང་མཁར་གྱི་ཆེས་འཁྱག་པའི་ཉིན་མོ་ཡིན་ཞེས་བྲིས་ཏེ་གཏམ་རྒྱུད་ཡོངས་སུ་མཇུག་བསྒྲིལ་བར་བྱས་ཡོད།  

 

གཉིས།   འཚོ་བ་དངོས་དང་བཙུན་ཡག

 

 བརྩམས་སྒྲུངབཙུན་ཡགལ་ལྟ་དུས་སེམས་སྡུག་དང་སྙིང་རྗེ།  སེམས་ཁུར་སོགས་གཅིག་ཏུ་མ་ངེས་པའི་ཚོར་བ་ཞིག་གིས་མགོ་འཐོམས་ཡོང་། སྤྱིའི་ཆ་ནས་བལྟས་ན་བརྩམས་སྒྲུངབཙུན་ཡགལས་སྨྱུག་ཁ་མང་པོ"བཙུན་ཡག"གི་སྟེང་དུ་བསྐོར་ཡོད་པས་མི་སྣ་གཙོ་བོ་ནི"བཙུན་ཡག"ཡིན་པ་རྟོགས་ཐུབ། ཞིབ་ཏུ་བསམ་བློ་བཏང་ན་བརྩམས་སྒྲུང་གི་མཇུག་ཡོངས་སུ་བསྒྲིལ་མེད་ལ།  མག་མོག་དང་གསང་བའི་ཚོར་བ་ཡན་གར་བ་ཞིག་ཀྱང་སྟེར་ངེས། བརྩམས་སྒྲུང་ཁྲོད་ཀྱི"བཙུན་ཡག"ཟེར་བ་དེ་ནི་གཟན་ཤམ་ཕུད་མེད་པའི་བན་ལོག་ཅིག་ཡིན་ཡང་། ཁོའི་མི་ཚེའི་རྒྱུད་རིམ་ལས་མངོན་པ་ནི་ཁོར་ཡུག་གི་བཙོག་དྲི་ཐེབས་པའི་ཤུགས་རྐྱེན་ངན་པ་དེས་རང་དབང་མེད་པར་རང་ཉིད་ཁ་ལོ་བསྒྱུར་ཞིང་། ཐབས་ཟད་དང་འུ་ཐུག་གིས་བསྐྱལ་བའི་བན་ལོག་གི་འཚོ་བ་དངོས་དེ་བྲིས་ཡོད་ལ། གཞན་གྱིས་འཕྱ་སྨོད་དང་སྤྱི་ཚོགས་ཀྱིས་གདེང་འཇོག་དམན་པའི་ཁོར་ཡུག་ཏུ་བན་ལོག་ཚོར་ཁྱིམ་པ་བ་དཀྱུས་མ་ལས་སྡུག་བསྔལ་དང་ན་ཟུག་ཆེ་ཞིང་། ད་དུང་ཚེ་ཕྱི་མར་བསམ་ཚེ་སྡོམ་ཁྲིམས་དང་འགལ་བ་ན་སྔར་ལས་ལྷག་པའི་འཇིགས་སྣང་ཆེ་བ་ཞིག་ཡིན། འཚོ་བའི་ཁྲོད་ནས་ནང་སེམས་ཀྱི་འགལ་ཟླ་དང་སྡུག་བསྔལ། འགྱོད་སེམས། སེམས་ཁྲལ་སོགས་ཀྱིས་གཅུན་པའི"བཙུན་ཡག"ལ་སྔར་ཡོད་ཀྱི་བདེ་བ་ཞིག་ཐོབ་ཏུ་མེད་དེ། སྐབས་རེར་འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོར་མཐོང་ནའང་། མུ་མཐུད་དུ་གོམ་པ་སྔུན་དུ་སྤོ་བ་ལས་ཐབས་མེད། བཙུན་ཡག་གིས་མི་སྒྲུབ་པ་གཅིག་ཀྱང་མེད་ནའང་དེའི་སྒྲུབ་སྟངས་དང་ལས་སྟངས་ལ་དགག་རྒྱག་བྱེད་པ་ཙམ་མ་ཡིན་པར་གཙོ་བོ་ནི་ནང་སེམས་ཀྱི་འགལ་བ་མང་པོ་ཞིག་ཅི་དྲག་གང་དྲག་གིས་མཚོན་པར་བྱས་ཡོད།  

  

བརྩམས་སྒྲུང་ཁྲོད་ཀྱི"བཙུན་ཡག"ནི་འཚོ་བ་དངོས་ལ་གདོང་གཏོད་མི་ཐུབ་མཁན་ཞིག་ཡིན་ཏེ། ཁོ་རང་གྲོང་ཁྱེར་ནས་ཕྱིར་ཕ་ཡུལ་ལ་ལོག་པ་ནས་བཟུང་རང་ཉིད་གྲྭ་ལོག་བྱས་པའི་གནས་ཚུལ་ཁྱིམ་མི་རྣམས་ལ་བཤད་འདོད་ཀྱང་མིད་པ་འགགས་ནས་བཤད་མ་ཐུབ་པར་ཕྱིར་གྲོང་ཁྱེར་དུ་ལོག་སྟེ་སྨད་འཚོང་མ་ལྷ་མཚོ་དང་མཉམ་དུ་སྟོན་པའི་ན་བཟའ་གྱོན་ནས་སེར་མིན་སྐྱ་མིན་གྱི་འཚོ་བ་རོལ་མགོ་བརྩམས།  འདིར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ།   གཅིག་ནི་སྐབས་དེར་ཕ་ཡུལ་དུ་རྩྭ་ས་རྩོད་གླེང་བྱེད་བཞིན་ཡོད་པས་སྡེ་པའི་སྟག་ཤར་རྣམས་འཐབ་འཁྲུག་ལ་ཞུགས་དགོས་པ་དེ་རེད།  གྲྭ་ལོག་བྱས་ཏེ་གཟན་ཤམ་ཕུད་རྗེས་ཤིན་ཏུ་མཐོ་བའི་རི་མགོར་འགོས་ཏེ་འཐབ་འཁྲུག་རྒྱག་དགོས་པ་དང་།  གྲང་སྡུག་དང་ལྟོགས་སྡུག་སོགས་མྱང་དགོས་པར་སྐྲག་སྟེ་གཟན་ཤམ་རྩ་བ་ནས་མ་ཕུད་པ་རེད།  མུ་མཐུད་དུ་སྐྱ་མིན་སེར་མིན་གྱི་འཚོ་བ་རོལ་བ་ལས་ཐབས་མེད། ཅིག་ཤོས་ནི་ལྷ་མཚོ་དང་མཉམ་དུ་འཇིག་རྟེན་ཁྱིམ་པའི་འཚོ་བ་རོལ་ཏེ་ཁྱིམ་ཚང་བསྐྱང་དགོས་ན་རང་ཁ་རང་གསོ་བྱེད་པ་དང་།  རང་གི་ལག་པ་གཉིས་ལ་བརྟེན་པ་ལས་གཞན་རྟེན་ལོབས་པའི་འཚོ་བ་དེ་བསྐྱུར་དགོས། ཡིན་ཡང"བཙུན་ཡག"གྲྭ་པ་བྱས་པ་ནས་བཟུང་མལ་ས་དྲོན་མོ་དང་མལ་གོས་གཙང་མར་ལོབས་པས་རྗེས་ཕྱོགས་ཀྱི་འཚོ་བར་སྐྲག་སྣང་དང་འགལ་ཟླས་ཁེངས་འདུག  ལྷ་མཚོས་འུ་གཉིས་གཉེན་སྒྲིག་བྱས་རྗེས་འཚོ་བ་གསར་པ་ཞིག་གི་མགོ་རྩོམ་དགོས་པའི་གནས་ཚུལ་ཡང་ཡང་བཤད་ཀྱང་ཆང་གིས་བཟི་སྟེ་ར་རོ་བར་གྱུར་རྗེས་ཁས་ལེན་བྱས་མྱོང་ནའང་ཆང་གིས་སངས་པ་ན་བཤད་པའི་སྐད་ཆ་དག་ནི་གར་སོང་གི་ཤུལ་རྗེས་ཙམ་ཡང་མེད།   འདི་ལྟར་ཁོ་རང་གིས་རང་གི་མི་ཚེར་ཐག་གཅོད་གསལ་བོ་ཞིག་བྱས་མེད་པ་དང་།  དམིགས་འབེན་གཏན་འཁེལ་མེད་པ།   རང་ཉིད་ལ་ཁ་ཕྱོགས་མེད་པ་སོགས་ལས་འཚོ་བ་དེ་ནི་ཆུད་ཟོས་དང་རྙོག་ཟིང་། བསྐྱར་ཟློས་ཁྲོད་འདའ་བཞིན་ཡོད།    སེམས་སྡུག་དང་འཁང་ར།  སེམས་ཁུར་སོགས་བྱེད་པ་ནི་འུ་ཐུག་གི་བྱ་བ་ཞིག་ཡིན་ཡང་།  བཙུན་ཡག་ནི་དེ་དག་གི་ཁྲོད་དུ་འཕག་འཚག་བྱེད་བཞིན་ཡོད།  འཕག་འཚག་དེའང་དོན་སྙིང་ཅན་ཞིག་རེད་ཟེར་ན།  དེ་ནི་མ་ཡིན་ཏེ་རང་ཉིད་སྡུག་ལ་སྦྱོར་བྱེད་ཅིག་ལས་སྙིང་བོ་ལྡན་པའི་དོན་དག་གཅིག་ཀྱང་གྲུབ་མེད་པར་སྣང་།  དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དཀའ་ཁག་དང་སྡུག་བསྔལ་གང་ལ་འཕྲད་ཀྱང་དེར་གདོང་ལེན་དང་ངོ་རྒོལ་བྱེད་པ་ནི་གལ་ཆེན་རེད་འདོད།  མི་ཞིག་གི་མི་ཚེ་ནི་བདེ་མོའི་ཐང་བཞིན་ཀྱག་ཀྱོག་གཏན་ནས་མེད་པ་ཞིག་ཡིན་མི་སྲིད།  མྱ་ངམ་ཐང་ཡིན་ནའང་འདྲ།  དམྱལ་བའི་ཁམས་ཡིན་ནའང་འདྲ།  འཚོ་སྡོད་ཀྱི་ཁོར་ཡུག་གང་རུང་ནས་དཀའ་ཁག་ཡོད་ཚད་དང་ལེན་བྱས་ཏེ་འཚོ་བའི་ཐབས་ལམ་བཟང་པོ་ལ་བསྙེགས་ན་བདེ་སྐྱིད་ཀྱི་འབྲས་བུ་བཟང་པོ་ཞིག་འཐོབ་པར་ཡིད་ཆེས་དང་རེ་བ་ཡོད།

 

གསུམ།   བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས།

 

གཅིག  མི་སྣའི་སྐད་ཆས་མཚོན་པའི་སྣང་བརྙན་བཞེངས་སྐྲུན་སྐོར།

 

རྩོམ་རིག་ལ་མཚོན་ན་སྐད་ཆ་ནི་མ་ཡིག་འགྲུབ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ཡིན་པས་རྩོམ་རིག་དང་སྐད་ཆ་གཉིས་ནི་ཆུ་ལ་ཆུ་བཞག་པ་ལྟར་ཁ་བྲལ་ཐབས་མེད་ཅིང་།  སྒྱུ་རྩལ་རྩོམ་རིག་ལ་མཚོན་ནའང་དེ་ལས་མ་འདས།  རྩོམ་རིག་ནི་ཅི་ཞིག་ཡིནཞེས་པའི་ནང་དུ་སྐད་ཆ་མེད་ན་རྩོམ་རིག་གསར་རྩོམ་མེད་ལ། སྐད་ཆ་ནི་རྩོམ་རིག་གི་སྲོག་ཤིང་ཡིནཁྭོཝུགློདྔྭེ茀,《ཀྡཾངྲཱྀངྔྷཱངྒཻརྨྨེ》,ཀླུཔྟསྨངྲཱྀསྤིཝཥླྀཞེས་བརྗོད་པས་རྩོམ་རིག་ལས་སྐད་ཆའི་གོ་གནས་དང་སྐད་ཆའི་ནུས་ཚད་ཅི་འདྲ་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ།  "བཙུན་ཡག"ལ་མཚོན་ན་མི་སྣ་ཕན་ཚུན་བར་གྱི་སྐད་ཆ་དང་ཁ་བརྡ་རྐྱང་རྐྱང་ཞིག་གིས་རྩོམ་གྱི་མགོ་མཇུག་བར་གསུམ་དུ་གྲུབ་པར་བྱས་པ་དང་ཁ་བསྐངས་པར་བྱས་པ་ཞིག་མ་ཡིན་པར་མི་སྣ་མི་འདྲ་བ་རེ་རེ་བཞེངས་སྐྲུན་བྱས་པའི་གོ་རིམ་ཁྲོད་ཀྱི་གཅིག་མཚུངས་ཀྱི་མི་སྣའི་ཁ་བརྡ་དེས་བརྩམས་སྒྲུང་ལ་རམ་འདེགས་ཀྱི་ནུས་པ་གསར་པ་ཞིག་བཏོན་ཡོད་པ་མ་ཟད།  བརྩམས་སྒྲུང་གཞན་དང་ཅུང་མི་འདྲ་བའི་ཁྱད་ཆོས་ཤིག་ཀྱང་མངོན་ཡོད་པར་འདོད། འདིར་གཅིག་མཚུངས་ཀྱི་མི་སྣའི་ཁ་བརྡ་ཞེས་པ་ནི་མི་སྣ་མི་འདྲ་ཡང་བཤད་པའི་སྐད་ཆ་འདྲ་བ་དེར་གོ་བ་ཡིན། བརྩམས་སྒྲུང་འདིའི་ནང་དུ་གཅིག་མཚུངས་ཀྱི་མི་སྣའི་ཁ་བརྡའི་སྒྱུ་རྩལ་དང་ཉམས་འགྱུར་དེ་མང་དུ་ཐོན་འདུག་སྟེ་དཔེར་ན་ཟུར་དུ་བཞེངས་སྐྲུན་བྱས་པའི་མི་སྣ་ཕལ་བ"བཙུན་ཡག"གི་སྲུ་མོ་དང་ཁོའི་ཕུ་བོ་མགོ་བྷ་གཉིས་ཀྱིས"བཙུན་ཡག"ལ་བཤད་པའི་སྐད་ཆ་ལས་གསལ་བོར་མཐོང་ཐུབ།  དཔེར་ན།  བཙུན་ཡག་དང་སྲུ་མོ་གཉིས་ངོ་འཕྲད་སྐབས་སྲུ་མོསཨ་ཁུའི་ངོ་མདངས་བཙོག་པ་ལ།  ན་ཚ་རེ་བྱུང་བ་མིན་ནམཟེར་བ་དང་།  དེའི་རྗེས་ནས་རང་གི་ཕུ་བོ་དང་འཕྲད་སྐབས་ཕུ་བོའི་སྐད་ཆ་ཐོག་མ་ནི"ཨ་ཙི།  ཁྱོད་ཀྱི་ངོ་མདངས་མི་བཟང་གི་ན་ཚ་འདྲ་བྱུང་བ་མིན་ནམ།"སྒྲིག་གཙོ་པ།  པད་མ་དབང་རྒྱལ་དང་བསོད་ནམས་རྒྱལ།  བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བསྒྲིགསཤོག་གྲངས170ངོས་གསལ།ཞེས་དྲིས་པ་རེད།  སྤྱིར"བཙུན་ཡག"ནི་གདོང་ཤིན་ཏུ་མཛེས་པའི་བཙུན་པ་ཞིག་ཡིན་ནའང་།  མཚན་མོར་གཉིད་མ་ཁུག་པའི་དབང་གིས་ཁོའི་གདོང་གི་མཛེས་ཤུལ་ཙམ་ཡང་ལྷག་མི་འདུག དེ་མཐོང་བས་ཁོའི་ཕུ་བོས་སླར་ཡང"ཁྱོད་ཀྱི་ངོ་མདོག་དངོས་གནས་བཙོག་པས།  འབྲོང་རིན་པོ་ཆེར་ཞུ་བའམ་ཡང་ན་སྨན་པ་སྟོན་དང་།  གནད་དོན་ཞིག་ཡོད་ཁོ་ཐག་རེད"སྒྲིག་གཙོ་པ།  པད་མ་དབང་རྒྱལ་དང་བསོད་ནམས་རྒྱལ།  བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བསྒྲིགསཤོག་གྲངས173ངོས་གསལ།ཅེས་བཤད་མྱོང་། བརྩམས་སྒྲུང་ཁྲོད་དུ་མངོན་པའི་གཅིག་མཚུངས་ཀྱི་སྐད་ཆ་འདི་དག་གིས་བརྩམས་སྒྲུང་གི་མི་སྣ་གཙོ་བོར་ནུས་པ་མི་དམན་པ་ཞིག་འདོན་པ་ནི་བསྙོན་དུ་མེད།  མི་སྣ་གཙོ་བོ"བཙུན་ཡག"ནི་བྱིས་པ་ཡིན་དུས་ཤིན་ཏུ་སྙིང་རྗེ་ལ།  གསར་བུ་ཡིན་དུས་རྩེ་གཞུང་གི་བུ་མོ་ཚོས་མིག་ལ་བབས་ཏེ་གླེང་བརྗོད་བྱ་ཡུལ་དུ་གྱུར་ཞིང་།  ཁོ་ཚང་གི་ཁྱིམ་ལ་ཕེབས་པའི་བླ་མ་དེས་ཀྱང་བྱིས་པ་ཡག་པོ་ཞིག་རེད་ཨང་། བཙུན་པ་བྱེད་དུ་ཆུགས་ཟེར་བ་ལས་སྔོན་ཆད་དགེ་འདུན་རྒྱ་མཚོ་ནི་གཟུགས་བྱད་ལྟ་ན་སྡུག་པ་ཞིག་ཡིན་པའང་གཞི་ནས་རྟོགས་ཐུབ། རྗེས་སུ་ཁོའི་མིང་ལ"བཙུན་ཡག"བཏགས་པ་རེད།  བརྩམས་སྒྲུང་འདིར་ཞིབ་ཏུ་བལྟས་ན་འདིའི་ནང་དུ་མི་རྟག་པ་དང་བཟློག་ཏུ་མེད་པའི་ཆོས་ཉིད། འཚོ་བའི་སྐྱོ་ངལ་གྱིས་བཞག་པའི་གདོང་གི་རྨ་ཤུལ་སོགས་ཀྱང་སྟོན་བཞིན་ཡོད་སྙམ།  ངོ་མདངས་བཙོག་པ་ལ་ཟེར་བའི་གཅིག་མཚུངས་ཀྱི་སྐད་ཆ་དེའི་ཕག་ཏུ་དགེ་འདུན་རྒྱ་མཚོའམ"བཙུན་ཡག"ལ་གཞན་གྱིས་རྟོགས་དཀའ་བའི་གསང་བ་དང་།  དོན་དག  ད་དུང་སྐྱོ་བ་སོགས་བསྙབ་པར་དཀའ་བའི་ནང་སེམས་ཀྱི་རི་མོ་ཞིག་ལྐོག་ཏུ་ཡིབ་འདུག་པའང་ངང་ངམ་ཤུགས་སུ་རྟོགས་ཐུབ་པའི་སྣང་བ་ཞིག་སྐྱེས་སུ་འཇུག་ཐུབ།  སྤྱིར་སྒྱུ་རྩོམ་ཞིག་ལ་མཚོན་ན་སྐད་ཆ་དང་སྨྲ་བརྗོད་རེ་རེའི་བར་གསེབ་ཏུ་ཡིབ་འདུག་པ་ལྟ་བུ་དང་། བཞའ་ཡོད་པ་ལྟ་བུའི་སྒྱུ་རྩལ་དང་སེམས་ཚོར།  མཛེས་རྟོག་སོགས་ཀྱིས་ཕྱུག་ན་བརྩམས་ཆོས་གང་རུང་ལ་བལྟ་འདོད་ཀྱི་འདུན་པ་ཤུགས་དྲག་ཏུ་བསྐྱེད་སྲིད།  དེ་མིན་ཡོད་ཚད་མངོན་སུམ་དང་སྦ་གསང་མེད་པར་མངོན་པ་དང་བརྗོད་ཚར་བ་ཡིན་ན་དེར་དེ་འདྲའི་བློ་འགུག་གི་ནུས་པ་ཆེན་པོ་ཞིག་ཡོད་མི་སྲིད་པར་འདོད།   དཔེར་ན་བུ་མོ་མཛེས་མ་ཞིག་གི་སྟེང་ནས་བཤད་ནའང་ཚང་མ་གཅེར་བུ་དང་དམར་རྗེན་དུ་བཏང་བ་ཡིན་ན་དེར་ལྷག་མ་ཞིག་དང་གསང་བའི་མཛེས་པ་ཞིག་མེད་པ་ནང་བཞིན་རེད། གསལ་ལ་མི་གསལ་བའི་གོས་ཤིག་གྱོན་ནས་སྒེག་ཉམས་སྟོན་དུས་དེར་བལྟ་འདོད་ཀྱི་ཡི་ག་དང་བློ་ཁ་འགུགས་པའི་ནུས་པ་བླ་ལྷག་ཅིག་ཡོད་སྲིད།  དེ་བས"བཙུན་ཡག"གི་ངོ་མདངས་བཙོག་ཅེས་བསྐྱར་ཟློས་ཀྱི་སྐད་ཆ་དེའི་ཤུགས་ན་གསང་བའི་མཛེས་ཆ་དང་རྟོགས་དཀའ་བའི་སྣང་བརྙན་ཞིག་ཀྱང་གསར་དུ་བསྐྲུན་ཡོད་པར་མཐོང་།

 

གཞན་ཡང"བཙུན་ཡག"གིས་ལན་འདེབས་པའི་སྐབས་སུ་ཁོར་དོགས་སྣང་དང་ཐེ་ཚོམ།  འགལ་བ་སོགས་ཀྱིས་ཁེངས་འདུག་པ་སོགས་སྐད་ཆའི་བར་གསེང་ནས་ཐོན་ཡོད།  བརྩམས་སྒྲུང་འདིར་མཚོན་ན་སེམས་ཁམས་ཀྱི་འགྱུར་ལྡོག་དང་འགལ་འདུ།  ན་ཟུག  འགྱོད་སེམས་སོགས་སེམས་ཁམས་སྔོག་འདོན་གྱི་ཕྱོགས་ལ་ཅུང་ཤུགས་བརྒྱབས་ཡོད་པར་བསམས།  དཔེར་ན།  ཁོའི་སྐད་ཆ་ལས"མ་རེད།  ང་ལ……ན་ཚ་མ་བྱུང་།  ང……ཁྱོད།"ཅེས་པ་དང་།  ད་དུང་དགེ་འདུན་རྒྱ་མཚའི་སྙིང་མགྲིན་པའི་ཁར་བསླེབས་ཏེ་དབུགས་རྒྱུན་ཆད་འགྲོ་བ་ལྟ་བུའི་སྣང་བ་ཞིག་སྐྱེས་པས་ཡང་ཡང་མཆིལ་མ་མིད་ཞོར"ངས……ང……ཁྱོད……ཁྱོད་ཀྱིས……སེམས་ཆུང་བྱོས།  དོགས་ཟོན་བྱོས"ཟེར་ཞིང་།  དོན་དག་དེ་ཡིན་ནམ་ཞེས་ཕུ་བོས་དྲིས་པ་ན"མིན།  འོ།  ཡིན།  ཨང……དེ་ཡིན།"སྒྲིག་གཙོ་པ།  པད་མ་དབང་རྒྱལ་དང་བསོད་ནམས་རྒྱལ།  བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་སྒིགསཤོག་གྲངས173ངོས་གསལ།ཞེས་པ་ལས་ནང་སེམས་ཀྱི་འགལ་ཟླ་མང་པོ་གཅིག་འཕྲོར་གཅིག་མཐུད་དང་ཐེ་ཚོམ། ཐག་གཅོད་བྱ་མ་བཏུབས་པའི་གདམ་ག་མང་པོའི་ཁྲོད་ན་ཁོ་རང་སྐྲག་སྣང་དང་མཚར་སྣང་གིས་འཚོ་བཞིན་ཡོད་པའང་རྟོགས་ཐུབ།  བརྩམས་སྒྲུང་སྤྱི་ལ་བལྟས་ན་འདིའི་ནང་དུ་གཙོ་བོ་སྤྱི་ཚོགས་ཀྱི་གནད་དོན་གཉིས་ལ་གདོང་གཏུགས་ནས་སྒྱུ་རྩལ་གྱི་སྣང་བརྙན་དུ་བསྐྲུན་ཡོད་པར་འདོད།  སྣང་བརྙན་མཚོན་ཐབས་དང་བསྐྲུན་ཐབས་ཀྱི་སྟེང་ནས་རྩོམ་པ་པོ་སོ་སོའི་སྒྱུ་རྩལ་གྱི་རྟོག་པ་གཅིག་མཚུངས་ཡིན་མི་སྲིད།  ?་རྗེ་རིན་ཆེན་གྱི་རྩོམ་རིག་གཞུང་ལུགས་གནད་བསྡུས་ཀྱི་ནང་དུ"སྤྱིར་སྣང་བརྙན་ཞེས་པ་ནི་རྩོམ་པ་པོའི་མཛེས་རྟོག་གི་ཕུགས་བསམ་ལྟར་རྗོད་བྱེད་ངག་གི་སྦྱོར་བ་ལ་བརྟེན་ནས་བརྗོད་བྱ་སྤྱི་ཚོགས་འཚོ་བའི་སྣང་ཚུལ་གཅིག་བསྡུས་ཀྱིས་གཟུགས་རིས་སུ་མངོན་པར་བསྐྲུན་པ་ལ་བྱ།"སྒྲིག་གཙོ་པ།  ?་རྗེ་རིན་ཆེན།  རྩོམ་རིག་གཞུང་ལུགས་གནད་བསྡུསཤོག་གྲངས20ངོས་གསལ།ཞེས་བརྗོད་པས་བརྩམས་སྒྲུངབཙུན་ཡགགི་ནང་དུ་བརྗོད་བྱ་གཙོ་བོ་བན་ཅིག་ཞིག་གི་འཚོ་བ་སྔོག་འདོན་བྱས་པ་ཡིན་ཡང་དེའི་ཤུགས་སུ་བན་ལོག་གིས་གཟན་ཤམ་མི་འཕུད་དོན་ཡང་བོད་སྤྱི་ཚོགས་ཀྱི་སྟེང་དུ་ནམ་རྒྱུན་འབྱུང་བཞིན་པའི་རྩྭ་ས་རྩོད་གླེང་གི་འཇིགས་པ་དང་མི་ཤི་རྟ་འགྱེལ་གྱི་སྣང་ཚུལ།  སྤུན་ཟླ་ནང་དམེ་བྱེད་པ་སོགས་ལ་ཁོ་རང་ཤིན་ཏུ་སྐྲག་སྟེ་སྐྱོ་གར་ཅན་གྱི་མི་སྣ་ཞིག་བཞེངས་ཡོད་པ་དང་།  སྐྱོ་གར་མི་སྣ་དེའང་གཙོ་བོ་སྤྱི་ཚོགས་ཀྱིས་དེད་ཡོང་བའི་འཇིགས་སྐྲག་གི་ཁྲོད་དུ་སྐྱོ་ངལ་གྱི་ནང་དུ་བཅུག་པར་བརྟེན་ནས་སྤྱི་ཚོགས་སུ་མངོན་བཞིན་པའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་དང་།  སྐྱོ་གར་གྱི་འཚོ་བ།  སྤྱི་ཚོགས་ཀྱི་སྣང་བརྙན་གསོན་པོ་ཞིག་ཀྱང་ཡི་གེའི་གཟུགས་རིས་སུ་ཕབ་ཡོད།

 

གཉིས།  རྗོད་པ་པོའི་སྐད་ཆ་ལས་མཚོན་པའི་སྣང་བརྙན་བཞེངས་སྐྲུན་སྐོར།

 

ཀུན་གྱིས་ཤེས་གསལ་ལྟར་རྗོད་པ་པོའི་སྐད་ཆ་ཞེས་པ་ནི་བརྩམས་ཆོས་ཀྱི་ནང་དུ་བཀོད་པའི་རྩོམ་པ་པོ་རང་ཉིད་ཀྱི་སྐད་ཆར་གོ་དགོས། ཁོར་ཡུག་དང་སྣང་བརྙན།  བྱུང་རིམ་དང་དོན་དག་སོགས་ཕྲ་ཞིང་ཞིབ་པ་འབྲི་སྐབས་རྗོད་པ་པོའི་སྐད་ཆ་ནི་མེད་དུ་མི་རུང་བ་ཞིག་ཡིན།   རྩོམ་རིག་གཞུང་ལུགས་གནད་བསྡུས་ཀྱི་ནང་དུ"རྗོད་པ་པོའི་སྐད་ཆ་བྱ་བ་ནི་རྩོམ་པ་པོས་བསྟན་བཅོས་སུ་ཐད་ཀར་ཁོར་ཡུག་རིས་སུ་ཐོན་པར་འབྲི་བ་དང་།  དོན་གྱི་བྱུང་བ་བརྗོད་པ་དང་།   མི་སྣའི་རང་གཤིས་གཟུགས་བརྙན་དུ་ཐོན་པར་འབྲི་བ་དང་།  ཆགས་སྡང་གི་སེམས་འདུན་མངོན་པར་བརྗོད་པ་སོགས་ཀྱི་སྐད་ཆའི་སྦྱོར་བ་ལ་བྱའོ"ཞེས་བརྗོད་ཡོད་པས་བརྩམས་སྒྲུངབཙུན་ཡགལ་མཚོན་ན་ཁོར་ཡུག་ཞིབ་འབྲི་དེ་འདྲའི་མང་པོ་བྱས་མེད། གཙོ་བོ་ནི་དོན་གྱི་བྱུང་བ་དང་མི་སྣའི་སྣང་བརྙན་གྱི་སྟེང་དུ་བབས་ཡོད་ཀྱང་དོན་གྱི་བྱུང་བ་དེ་འདྲའི་རྙོག་འཛིང་ཅན་དང་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་དེ་འདྲའི་ཞིབ་ཚགས་ཅན་ཞིག་མིན།  མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་འབུར་དུ་བཏོད་པའི་བརྩམས་སྒྲུངམེ་ཏོག་ལྡུམ་རའི་ནང་གི་ཀླན་ཀདང་བསྡུར་ན་སྣང་བརྙན་བཞེངས་སྐྲུན་གྱི་སྟེང་དུ་དེ་འདྲའི་ཤུགས་བརྒྱབ་མེད། གཙོ་བོ་བརྩམས་སྒྲུང་འདིས་སེམས་ཁམས་ཞིབ་འབྲིའི་སྟེང་དུ་བབས་ཏེ་མི་སྣ་གཙོ་བོ"བཙུན་ཡག"གི་སེམས་ཁམས་བྲིས་པ་ཞིབ་ཚགས་ཡིན་པ་མ་ཟད།  བཙུན་པ་དཀྱུས་མ་ཞིག་གི་ནང་སེམས་ཀྱི་འགལ་འདུ་ཤུགས་དྲག་ཏུ་མཚོན་པ་ནི་དགེ་མཚན་ཞིག་ཏུ་མཐོང་།

 

1བརྗོད་པ་པོའི་སྐད་ཆས་མཚོན་པའི་དོན་གྱི་བྱུང་བ་བརྗོད་པའི་སྐོར།

 

སྤྱིར་བརྩམས་སྒྲུང་འགའ་ཤས་ནི་མི་སྣའི་ཁ་བརྡས་བརྩམས་སྒྲུང་གི་བར་སྟོང་ཟིན་པ་མང་པོ་ཡོད་ཅིང་འགའ་ཤས་ནི་བརྩམས་སྒྲུང་གི་མགོ་མཇུག་བར་གསུམ་དུ་མི་སྣའི་ཁ་བརྡས་གྲུབ་པ་ཏག་ཏག་ཡིན། ཡིན་ཡང་བརྩམས་སྒྲུངབཙུན་ཡགལ་མཚོན་ན་མི་སྣའི་ཁ་བརྡས་གྲུབ་ཡོད་ལ།  རྗོད་པ་པོའི་སྐད་ཆས་ཀྱང་བརྩམས་སྒྲུང་གི་ཕྱེད་ཀ་ཟིན་ཡོད།  བརྩམས་སྒྲུང་འདིའི་ནང་དུའང་རྗོད་པ་པོའི་སྐད་ཆས་བརྩམས་སྒྲུང་གི་བྱུང་རིམ་གྲུབ་པར་བྱས་ཡོད་ལ་མི་སྣའི་སེམས་ཁམས་ཀྱང་ཞིབ་འབྲི་བྱས་ཡོད།

 

ཐོག་མར་གྲྭ་ལོག་བྱས་ཀྱང་གཟན་ཤམ་ཕུད་མེད་པའི་དགེ་འདུན་རྒྱ་མཚོའམ"བཙུན་ཡག"གྲོང་མཁར་ནས་ཕྱིར་ཡུལ་ལ་ཐོན་རྗེས་གྲྭ་ལོག་བྱས་པའི་གནས་ཚུལ་ཡུལ་དང་ཕུ་བོར་བཤད་འདོད་ཀྱང་ཡུལ་ལ་སྐྲག་སྟེ་བཤད་མ་ཐུབ་པར་ཕྱིར་རྫོང་མཁར་དུ་ཆས་པ་དང་།  སེམས་ཀྱི་སྡུག་བསྔལ་སེལ་ཆེད་དུ་རྫོང་མཁར་གྱི་གློག་ཞུ་དམར་པོ་ཅན་གྱི་ཆང་ཁང་ཞིག་གི་ནང་དུ་སོང་བ་ན་རང་ཉིད་དགའ་སའི་བུ་མོ་ལྷ་མཚོར་འཕྲད་ཅིང་།  ལྷ་མཚོ་ནི་སྨད་འཚོང་མ་ཞིག་ཡིན་ཡང་སེམས་པ་ཤིན་ཏུ་དཀར་བས་ཁོ་གཉིས་ཀྱི་བར་དུ་བརྩེ་དུངས་ཆགས་པའི་གཏམ་རྒྱུད་བྲིས་ཡོད་ལ།  ད་དུང་མཐར"བཙུན་ཡག"ཉི་ཟེར་དགོན་པའི་སྤྲུལ་སྐུར་ངོས་བཟུང་བ་དང་། ལྷ་མཚོ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་བྲིས་ཏེ་བརྩམས་སྒྲུང་གི་མཇུག་བསྒྲིལ་བར་བྱས་ཡོད་པས་དོན་དག་དང་བྱུང་རིམ་རྙོག་འཛིང་ཅན་དུ་བསྐྲུན་པ་མིན་ཡང་བྱུང་རིམ་འབྲི་སྐབས་མང་ཤོས་ནི་རྗོད་པ་པོའི་སྐད་ཆར་བརྟེན་ནས་བྲིས་ཡོད། བརྩམས་སྒྲུང་ཕལ་མོ་ཆེ་ལའང་དེ་ལྟར་བྲིས་པ་ཞིག་ཡིན་པས་འདི་ནི་བརྩམས་སྒྲུང་གཞན་དང་མི་མཚུངས་པའི་དགེ་མཚན་ཞིག་རེད་ཅེས་བརྗོད་མི་བཏུབ་ཀྱང་།  བྱུང་རིམ་བྲིས་པའི་བར་གསེབ་ཏུ"བཙུན་ཡག"གི་སེམས་ཁམས་ནམ་ཡང་ལྷོད་ལ་འབབ་ཐུབ་ཀྱིན་མེད་པའི་ནང་སེམས་ཀྱི་ན་ཟུག་དང་འགྱོད་གདུང་འགལ་འདུ་སོགས་བྲིས་ཏེ་སེམས་ཁམས་སྔོག་འདོན་བྱས་པ་ཞིབ་ཚགས་ཅན་དུ་བསྐྲུན་པ་ནི་བརྩམས་སྒྲུང་འདིའི་དགེ་མཚན་དུ་མཐོང་།

 

2རྗོད་པ་པོའི་སྐད་ཆས་མཚོན་པའི་མི་སྣའི་སེམས་ཁམས་ཀྱི་སྐོར།

 

སྤྱིར་སྒྱུ་རྩལ་རྩོམ་རིག་ནི་མིའི་ནང་སེམས་ཀྱི་འཇིག་རྟེན་ལ་སྔོག་འདོན་བྱེད་པ་ཞིག་ཡིན། བརྩམས་སྒྲུང་ཡང་དེ་ལས་མ་འདས་པས་མིའི་ནང་སེམས་ཀྱི་ཚོར་བ་བདེ་སྡུག་སོགས་ལ་སྔོག་འདོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།  ཚའོ་བུན་ཞན་གྱི་འཇིག་རྟེན་གཉིས་པའི་ནང་དུ"སྒྱུ་རྩལ་ནི་རྣམ་ཤེས་ཀྱིས་འཇིག་རྟེན་ལ་ཚོར་རྟོག་བྱེད་པ་ཞིག་ཡིན"

曹文轩,《第二世界》,北京作家出版社P60ཞེས་བརྗོད་ཡོད་པས་འཇིག་རྟེན་ལ་ཚོར་རྟོག་བྱེད་པའི་གོ་རིམ་ཁྲོད་དུ་མིའི་རྣམ་ཤེས་དང་སེམས་པར་བརྒྱུད་དེ་ཚོར་རྟོག་བྱེད་དགོས།   སེམས་དེ་སྒྱུ་རྩལ་གྱི་ནང་དུ་དྲངས་ནས་སྒྱུ་རྩལ་གྱིས་སེམས་ཀྱི་གཏིང་ཟབ་སར་སྔོག་འདོན་བྱ་རྒྱུའང་གཙོ་བོ་ཡིན།

 

འདིར་བརྗོད་པ་པོས་མཚོན་པའི་མི་སྣའི་སེམས་ཁམས་ཀྱི་སྐོར་ལབཙུན་ཡགགི་ནང་དུ"དོན་དངོས་སུ་ཉིན་འདི་གའི་འགྱོད་གདུང་དང་སྐྲག་སྣང་གི་སྡུག་བསྔལ་དྲག་པོའི་ཁྲོད་དུའང་བུ་མོ་དེ་སྐད་ཅིག་ཙམ་ལའང་བརྗེད་མ་མྱོང་། ཁོ་བུ་མོ་དེར་མཚམས་རེར་སྡང་ཞིང་ལན་རེར་དགའ་སྟེ། མཐར་གཏུགས་ན་ཁོ་བུ་མོ་དེ་ལ་དགའ་བ་ཡིན་ནམ་སྡང་བ་ཡིན་པ་ཁོས་ཀྱང་གསལ་པོ་བཤད་མི་ཤེས་མོད།  གང་ལྟར་མོ་དང་མཉམ་དུ་འདུག་པའི་འདུན་པ་འགོག་མེད་ཅིག་སྐྱེས་འོངས"སྒྲིག་གཙོ་པ།  པད་མ་དབང་རྒྱལ་དང་བསོད་ནམས་རྒྱལ།  བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བསྒྲིགསཤོག་གྲངས175ངོས་གསལ།ཞེས་པ་ལས་མི་སྣ་གཙོ་བོ"བཙུན་ཡག"གི་སེམས་ཁམས་ཀྱི་ཟུར་ཙམ་ལ་སྔོག་འདོན་བྱས་ཡོད།  བཙུན་ཡག་དང་ལྷ་མཚོ་གཉིས་ནི་ཐོག་མར་ཆང་ཁང་ཞིག་གི་ནང་ནས་ཕན་ཚུན་ངོ་ཤེས་པ་དང་། ངོ་ཤེས་རྗེས་ཁོ་གཉིས་ཀྱི་བར་ལ་བརྩེ་དུང་ཆགས་པར་གྱུར།བཙུན་ཡག་ལའང་སྐབས་རེར་དགའ་བའི་ཚོར་བ་ཞིག་སྦྱིན་ལ། སྐབས་རེར་སྡང་བའི་ཚོར་བ་ཞིག་སྦྱིན་པས་དགའ་བ་དང་སྡང་བ་གང་ཡིན་པའང་མི་ཤེས་པའི་ཚུལ་དུ་འདུག་པའི་སེམས་ཀྱི་ཟབ་སར་ཅུང་སྔོགས་འདོན་བྱས་ཡོད་པར་འདོད། ད་དུང་བརྩམས་སྒྲུང་ལས་དྲངས་ན"དགེ་འདུན་རྒྱ་མཚོས་ཕུ་བོའི་རྗེས་སུ་ལྟ་བཞིན་སེམས་ལ་མགོ་ན་ཐེངས་གཅིག་དང་སོ་འབལ་ཐེངས་གཅིག་བྱས་ན་ཡོད་ན་ཅི་མ་རུང་།    ཚབས་ཆེ་ན་ཕུ་བོའི་རྟ་ལྕག་གཅིག་ཕོག་པ་ལས་ཅི་ཡོད།    དེ་ལྟར་བྱས་ཚེ་ད་ལྟ་སྡུག་བསྔལ་འདི་ཅུང་ཙམ་སངས་ཡོད་ཀྱང་སྲིད"སྒྲིག་གཙོ་པ།  པད་མ་དབང་རྒྱལ་དང་བསོད་ནམས་རྒྱལ།  བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བསྒྲིགསཤོག་གྲངས174ངོས་གསལ།ཞེས་པ་སོགས་ལས་མི་སྣའི་སེམས་ཁམས་ལ་སྔོག་འདོན་བྱེད་པ་མང་ཤོས་དེ་ནི་རྗོད་པ་པོའི་སྐད་ཆས་མཚོན་པར་བྱས་ཡོད་སྙམ།

 

 

མཇུག་སྡོམ།

 

 

དཔྱད་རྩོམ་གྱི་ནང་དུ་བརྩམས་སྒྲུང་གསར་པབཙུན་ཡགགི་བརྩམས་ཆོས་ཀྱི་བརྗོད་སྙིང་དང་།  དངོས་ཡོད་ཀྱི་འཚོ་བ་དང་ལེན་དང་གདོང་གཏོད་མི་ཕོད་པའི"བཙུན་ཡག"གི་སྒྲུབ་སྟངས།  བྱ་བའི་དམིགས་འབེན་དང་ཁ་ཕྱོགས་མི་གསལ་བའི"བཙུན་ཡག"གི་གནས་བབ།  འཚོ་བ་དངོས་ཀྱི་ཁྲོད་ན་ལུས་པའི"བཙུན་ཡག"གི་མི་ཚེ་དང་བྱ་བ་སྒྲུབ་སྟངས།  དྲན་ཚུལ་སོགས་ལ་ཅུང་ཟད་སྔོག་འདོན་བྱས་ཡོད་པ་དང་།  ད་དུང་བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས་ལ་ཞིབ་ཏུ་དམིགས་ཏེ་མི་སྣའི་སྐད་ཆས་མཚོན་པའི་སྣང་བརྙན་བཞེངས་སྐྲུན་སྐོར་དང་རྗོད་པ་པོའི་སྐད་ཆས་མཚོན་པའི་སྣང་བརྙན་བཞེངས་སྐྲུན་སྐོར།  རྗོད་པ་པོའི་སྐད་ཆས་མཚོན་པའི་དོན་གྱི་བྱུང་བ་བརྗོད་པའི་སྐོར།  རྗོད་པ་པོའི་སྐད་ཆས་མཚོན་པའི་མི་སྣའི་སེམས་ཁམས་ཀྱི་སྐོར་སོགས་ལས་བརྩམས་ཆོས་ཀྱི་དགེ་མཚན་ཡང་གླེང་ཡོད་པས་བརྩམས་ཆོས་འདི་ནི་རྩོམ་པ་པོ་གཞན་རྣམས་ཀྱི་མིག་དཔེར་འོས་པ་དང་། ཚབ་མཚོན་གྱི་བརྩམས་ཆོས་ལེགས་པོ་ཞིན་ཡིན་པར་དགོངས་ནས"བཙུན་ཡག"ལྟ་བུའི་མི་གང་མང་ཞིག་སྤྱི་ཚོགས་ཀྱི་རྙོག་ཟིང་ཁྲོད་ལུས་ཀྱང་ཅི་བྱ་གཏོལ་མེད་ངང་བསྡད་ཡོད་ལ།  ཐབས་ཟད་འུ་ཐུག་གིས་འཚོ་བ་རོལ་བཞིན་ཡོད་པ་ནི་སྨྲ་མེད་དུ་འཁུམས།  ཡིན་ཡང་འཚོ་གནས་ཀྱི་ཁྲོད་དུ་དཀའ་ཁག་ཐམས་ཅད་སེལ་ཏེ་དམིགས་འབེན་གང་རུང་ལ་འབད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་། 

 

དཔྱད་རྩོམ་འདི་ནི་སི་ཁྲོན་མི་རིགས་སློབ་གླིང་གི་སྤྱིར་བཏང་གི་ལས་གཞིའི་ཁོངས་གཏོགས་སྤྱི་ཚོགས་ཚན་རིག་གི་སྤྱིར་བརྩམས་སྒྲུང་གསར་པ་ཞིབ་འཇུག་དང་སྒོས་སུ་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག་གི་རྣམ་གྲངས་ལས་ཚན་གྱི་ཨང་རྟགསXYZB16008ཀྱི་གྲུབ་འབྲས་ཡིན།

ཟུར་ལྟའི་ཡིག་ཆ། 

 

1 གཙོ་སྒྲིག་པ། པད་མ་དབང་རྒྱལ་དང་བསོད་ནམས་རྒྱལ། བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བསྒྲིགས སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2016ལོའི་ཟླ2པར།

 

2 2011ལོའི་རྩོམ་རིག་དཔྱད་བརྗོད  མཚོ་སྔོན་མི་རིགས་པར་སྐྲུན་ཁང་།  2012ལོའི་ཟླ་12པར།

 

3 ?་རྗེ་རིན་ཆེན།  རྩོམ་རིག་གཞུང་ལུགས་གནད་བསྡུསམི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1998ལོའི་ཟླ10པར།

 

4 ཚེ་རིང་དོན་གྲུབ།  སྒྲུང་ཐུང་གསར་པ་བདམས་བསྒྲིགསཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2010ལོའི་ཟླ3པར།

 

5 བདུད་ལྷ་རྒྱལ།  དེང་རབས་རྩོམ་རིག་གསར་པའི་བདམས་བཀོདཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   སྤྱི་ལོ2008ལོའི་ཟླ3པར།


6博道彬于弗 《文学是什么》北京大学出版社


7曹文轩《小说门》北京作家出版社


曹文轩,《第二世界》,北京作家出版社

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1