ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཆེད་དུ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ཁྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། མིག་སྔའི་བར་དུ་ཆབ་མདོ་གྲོང་ཁྱེར་གྱིས་སྒོ་ཁྱི་32798ཐོ་འགོད་བྱས་ཟིན་པ་དང་། དེའི་ནང་སྒོ་ཁྱི་12077ལ་རིན་པ་མི་དགོས་པའི་ངང་རིག་ནུས་ཉིང་ལྷེབ་ཕྱང་ཕྲུལ་བསྒྲུབས་ནས"ཁྱི་གཅིག་ལ་ཨང་རྟགས་གཅིག"ཡོང་བར་འབད་པ་བྱས་ཡོད་པ་དང་། དེའི་རྨང་གཞིའི་སྟེང་སྤྱི་བདེའི་སྡེ་ཁག་གིས་ཁྱི་ཆ་འཕྲིན་ཅན་གྱི་དོ་དམ་སྟེགས་བུ་བཙུགས་ཏེ། ཁྱི་ལ"ཐེམ་ཐོ་ཅན"གྱི་དོ་དམ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།