«གཡུ་དྲུག་དམར་པོ»ཞེས་པའི་གླུ་གཞས་བརྩམས་ཆོས་ཀྱི་འགྲེམ་སྤེལ་པར་རིས།
ཉེ་ཆར། མཚོ་སྔོན་ཡུལ་ཤུལ་ནས་སྐྱེས་པའི་བོད་ཀྱི་གསར་སྐྱེས་གླུ་མ་གངས་དཀར་འཚོའི་གླུ་གཞས་བརྩམས་ཆོས་ཐོག་མ་སྟེ་«གཡུ་དྲུག་དམར་པོ»ཞེས་པ་འགྲེམ་སྤེལ་བྱས་ཤིང་། གླུ་གཞས་དེའི་ཁྲོད་བོད་ཀྱི་སྲོལ་རྒྱུན་གླུ་གཞས་ཀྱི་བྲོ་བ་ཉམས་མེད་ལ་དེང་རབས་ཀྱི་གླུ་གཞས་ཁྱད་ཆོས་ཀྱང་ལྡན་པས་བརྩམས་ཆོས་ཧ་ཅང་ལེགས་པོ་ཞིག་རེད།