ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གྱིས་དབུལ་ཐར་འགག་སྒྲོལ་ཐུབ་པར་ཁྲིད་སྟོན་བྱ་དགོས།

ཨ་མགོན་གྱིས་བསྒྱར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-27


      ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་ཡུལ་མི་གནས་སྤོས་ཅུས་དང་ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་སོགས་སྡེ་ཚན་ལས་གྲུབ་པའི་ཞིང་ཆེན་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་འཁྲིད་ནས་དཀར་མཛེས་ཁུལ་གྱི་འབའ་ཐང་དང་ལི་ཐང་རྫོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
      སྒྲོག་འགྲེལ་གནང་སྐབས་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པའི་བླང་བྱ་ལག་ལེན་དོན་འཁྱོལ་བྱས་ཚུལ་དང་། དབུལ་ཐར་འགག་སྒྲོལ་གྱི་དཔྱིད་འགོའི་བྱ་སྤྱོད་སྤེལ་ཚུལ། དབུལ་སྐྱོར་ཁྱབ་ཁོངས་ནང་གི་བྱ་སྤྱོད་ཆེད་དུ་བཅོས་སྐྱོང་བྱས་ཚུལ། དེ་བཞིན་དུ་གནད་དོན་དང་མི་འདང་ས་འཚོལ་བཤེར། ཞན་ཆ་གསབ་སྣོན་བྱས་ཚུལ་སོགས་ཀྱི་ཆེད་དོན་ལས་ཀ་སྤེལ་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་བྱས་པ་རེད།
      རྡོ་རྗེ་རབ་བརྟན་ལྷན་ཕེབས་བཅས་སྔོན་རྗེས་སུ་ལི་ཐང་རྫོང་གི་འཇའ་བ་གྲོང་རྡལ་མཁར་ཉམས་གྲོང་སྡེའི་འཕྲོད་བསྟེན་ཁང་དང་ཞིང་པའི་མཚན་མོ་སློབ་གྲྭ། དཔོན་སྐོར་ཤང་བྲག་དཀར་ལ་གྲོང་སྡེའི་ཨུ་ཡོན་ལྷན་ཁང་གཉིས་དང་གྲོང་སྡེའི་བྱེད་སྒོ་ལྟེ་གནས་ཁང་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད་དབུལ་ཕོངས་དུད་ཚང་ལ་འཚམས་འདྲི་གནང་བ་རེད། འབའ་ཐང་རྫོང་གི་གསུམ་མདོ་ཤང་སྦམ་ཤུལ་གྲོང་སྡེ་སྟོད་པ་དང་གསུམ་མདོའི་དབུལ་ཕོངས་གྲོང་སྡེ། གསུམ་མདོའི་བྱིས་པ་ཁང་དང་འཕྲོད་བསྟེན་ཁང་། དེ་བཞིན་དུ་རྫོང་དེའི་མཐོ་སྒང་སྔོ་ཚལ་སྐྱེ་ཁམས་ཞིང་ལས་དཔེ་སྟོན་ལྡུམ་ར་བཅས་སུ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ས་གནས་རེ་རེ་སླེབས་དུས་རྡོ་རྗེ་རབ་བརྟན་གྱིས་ལས་བྱེད་པ་དང་དབུལ་ཕོངས་དུད་ཚང་དང་ཁ་བརྡ་ལབ་རེས་བྱས་ཏེ་དབུལ་ཐར་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན། སློབ་གསོ། ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་རེད།
      རྡོ་རྗེ་རབ་བརྟན་གྱིས་ཁག་བགོས་ནས་སྙན་ཞུ་ཚོགས་འདུ་འཚོགས་ཏེ་ཆེད་དུ་རྫོང་གཉིས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་གནས་ཚུལ་སྙན་ཞུ་འབུལ་བར་གསན་འཇོག་གནང་རྗེས་གསུངས་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་ཐུབ་པར་སེམས་ཤུགས་བསྒྲིམ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་མིག་སྔ་དང་ཕྱིན་ཆད་དུས་རིམ་ཞིག་གི་ནང་གལ་ཆེའི་ཆབ་སྲིད་ལས་འགན་ལ་བརྩིས་ནས། ཏན་ཏིག་གིས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱ་དགོས།
      རྡོ་རྗེ་རབ་བརྟན་གྱིས་ཐོག་མཐའ་བར་གསུམ་དུ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཆར་འགོད་གཅིག་གྱུར་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཆེན་པོ་བདུན་དམ་འཛིན་ཡག་པོ་བྱ་དགོས། གཅིག་ནི་ཐོན་ལས་ཀྱི་དབུལ་སྐྱོར་འགག་སྒྲོལ་དམ་འཛིན་ཡག་པོ་བྱ་དགོས། གཉིས་ནི་ལས་ཞུགས་ཀྱི་དབུལ་སྐྱོར་འགག་སྒྲོལ་དམ་འཛིན་ཡག་པོ་བྱ་དགོས། གསུམ་ནི་སློབ་གསོའི་དབུལ་སྐྱོར་འགག་སྒྲོལ་དམ་འཛིན་ཡག་པོ་བྱ་དགོས། བཞི་ནི་བདེ་ཐང་གི་དབུལ་སྐྱོར་འགག་སྒྲོལ་དམ་འཛིན་ཡག་པོ་བྱ་དགོས། ལྔ་ནི་ཐོག་མཐའ་བར་གསུམ་དུ་གནད་དོན་འགྲོ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཏན་ཏིག་གིས་མཐོང་བའི་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། དྲུག་ནི་རྒྱུན་ཆད་མེད་པར་གཞི་རིམ་གྱི་རྨང་གཞི་འཐུས་སྒོ་ཚང་དུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་གསོན་ཤུགས་ཆགས་པ་བྱ་དགོས། བདུན་ནི་བཅའ་ཁྲིམས་ལྟར་རྒྱུན་རྣམ་ཅན་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་ཡག་པོ་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1