གནས་བབ་གསར་པའི་འོག་གི་སི་ཁྲོན་ལས་དོན་ནན་གྱིས་བསྒྲུབ་པའི་རྩ་འཛིན།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28



——གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་དཔྱད་བརྗོད་དང་པོ།
                              སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

        དཔྱིད་གསར་དུས་ཆེན་གྱི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་རྟོག་ཞིབ་མཛུབ་སྟོན་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། སི་ཁྲོན་གྱི་ལས་དོན་ཁག་སོ་སོའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། རང་རེའི་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དོན་འཁྱོལ་ཟབ་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་ལ་འབད་པ་བྱས་ཏེ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་པར་སྐུལ་འདེད་བྱེད་པའི་རེ་བ་བཏོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ། ཕྱོགས་སྟོན་གསལ་པོ་ཡིན་པས། ཞིང་ཆེན་གོང་འོག་ཡོངས་ཀྱི་ཐུགས་ཁུར་ཟབ་མོ་དང་སྐུལ་ལྕག་ཆེན་མོ་ཡིན་པར་མ་ཟད་གནས་བབ་གསར་པའི་འོག་སི་ཁྲོན་གྱི་ལས་དོན་ནན་གྱིས་བསྒྲུབ་པར་རྩ་འཛིན་མཁོ་འདོན་བྱས་པ་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་ནན་མོ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ། ལས་དོན་ལ་མཛུབ་སྟོན་བྱེད་པ། ལག་ལེན་ལ་སྐུལ་འདེད་བཏང་སྟེ་སི་ཁྲོན་གྱི་ལས་དོན་ཁག་སོ་སོའི་རྣམ་པ་གསར་པ་བསྐྲུན་པར་ཧུར་བརྩོན་བྱ་དགོས། 
        ན་ནིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཚོགས་ཞུགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཡི་བཅོལ་གདམས་སེམས་སུ་བརྟན་པོར་བཅངས་ནས། ཞིང་ལས་མཁོ་སྤྲོད་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་དམ་ཟབ་བྱས་པ་དང་། གསར་གཏོད་གསར་རྩོམ་ཤུགས་ཆེན་སྤེལ་བ། འཚེམ་དྲུབ་ལྟ་བུའི་ཤེད་ཤུགས་ཕུད་དེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སེལ་སྐུལ་འདེད་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་ཤུགས་སྣོན་བྱས་ཏེ་ཕྱོགས་སོ་སོའི་ལས་དོན་ལ་གྲུབ་འབྲས་གསར་པ་བླངས། ཐེངས་འདིར་སི་ཁྲོན་དུ་རྟོག་ཞིབ་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་པར་སྐུལ་འདེད་བྱ་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ལ་དམིགས་ཏེ་རང་རེའི་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་སྤེལ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ལ་ཤུགས་སྣོན་བྱ་དགོས་པ་སོགས་ཀྱི་གལ་ཆེའི་བླང་བྱ་གསལ་པོ་བཏོན། དེ་ལས་སི་ཁྲོན་ལས་དོན་ལ་བརྩི་མཐོང་དང་རེ་བ་ཆེན་པོ་བཅངས་ཡོད་པ་གསལ། དེར་བརྟེན། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་། ལས་དོན་གྱི་དམིགས་འབེན་ལ་བློ་རྩེ་གཅིག་ཏུ་གཏད་དེ་ཞིབ་ཕྲ་སྒོས་དོན་འཁྱོལ་བྱས་ཏེ། མགྱོགས་མྱུར་སྒོས་རང་རེའི་ཞིང་ཆེན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གོམ་པ་ཆེན་པོས་མདུན་བསྐྱོད་ཀྱི་སྐུལ་ཤུགས་ལ་སྒུལ་འདེད་གཏོང་བར་རིམ་བསྒྱུར་བྱ་དགོས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པར། གནས་བབ་མཐོ་རུ་གཏོང་བ་དང་ཕྱོགས་གནས་དམིགས་སུ་འཛིན་པ། སྤྱི་ཡོངས་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་ཤུགས་ཆེན་པོས་གཙོ་གནད་ཁ་གསལ་བྱ་དགོས། ཕྱོགས་ཡོངས་ནས་གཞིགས་ན། དུས་རབས་གསར་པའི་གནས་བབ་གསར་པའི་འོག་གི་རང་ཞིང་གི་ལས་དོན་ཁག་སོ་སོ་ཡག་པོར་བསྒྲུབ་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་གནང་སྟེ། བསམ་བློ་གསར་པས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བར་ལག་ལེན་གསར་པ་གཅིག་འདོམས་བྱ་དགོས། སི་ཁྲོན་ལ་མཚོན་ན། དུས་རབས་གསར་པའི་གནས་བབ་གསར་པའི་འོག་གི་ལས་དོན་ཁག་སོ་སོ་ཡག་པོར་བསྒྲུབ་དགོས་ན། ད་དུང་ངེས་པར་དུ་སི་ཁྲོན་གྱི་དོན་དངོས་དང་རྐང་འཛུགས་པ་དང་ཟུང་དུ་སྦྲེལ་ཏེ་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དེ་སི་ཁྲོན་དུ་ཞིབ་ཕྲ་ཅན་དུ་གཏོང་བར་སྐུལ་འདེད་གཏང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དེར་ཁྱོན་ཡོངས་རང་བཞིན་ལྡན་པར་མ་ཟད། ཁ་གཏད་རང་བཞིན་ཡང་ལྡན། ལྷག་པར་དུ་སི་ཁྲོན་ལ་བཏོན་པའི་སྤྱིའི་བླང་བྱ་དང་ཕྱོགས་ལྔའི་གཙོ་གནད་ལས་དོན་ལ་དམིགས་ནས་བཏོན་པའི་བླང་བྱ་གལ་ཆེན་དེའི་ཁ་ཕྱོགས་ཤིན་ཏུ་གསལ་བས། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་སི་ཁྲོན་ལས་དོན་ནན་གྱིས་བསྒྲུབ་ཐུབ་པའི་སྤྱིའི་རྩ་འཛིན་ལྟ་བུ་ཡིན། ཞིང་ཆེན་ཡོངས་ཀྱིས་ངེས་པར་དུ་ལས་འགན་གྱི་འདུ་ཤེས་དང་། ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ལ་ཤུགས་སྣོན་བྱ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་པའི་གལ་ཆེའི་བླང་བྱར་གོ་བ་ཟབ་མོ་བླངས་ཏེ། ཆ་རྒྱུས་ལོན་པ། གོ་བ་ལོན་པ། དཔྱད་ཞིབ་བྱེད་པ། གནས་ཚུལ་དམིགས་སར་འཛིན་པ། དམ་འཛིན་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གནད་ཐོག་ལ་འཁེལ་དགོས། གཟབ་ནན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཟབ་སྤེལ་བྱ་དགོས་པའི་གལ་ཆེའི་བླང་བྱར་གོ་བ་ཟབ་མོ་ལེན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དཔལ་འབྱོར་ལས་དོན་གྱི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་སྤེལ་ཏེ་མགྱོགས་མྱུར་སྒོས་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་སྨིན་དབུལ་སེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་གལ་ཆེའི་བླང་བྱར་གོ་བ་ཟབ་མོ་བླངས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་མི་རིགས་གཅིག་དང་ཁྱིམ་ཚང་གཅིག ཐ་ན་མི་གཅིག་ཀྱང་ལུས་མི་རུང་བ་ཁག་ཐེག་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ཤུགས་ཆེར་སྤེལ་དགོས་པའི་གལ་ཆེའི་བླང་བྱར་གོ་བ་ཟབ་མོ་བླངས་ཏེ། མགྱོགས་མྱུར་སྒོས་རང་ཞིང་དེ་ཞིང་ལས་ཞིང་ཆེན་ལས་ཞིང་ལས་སྟོབས་ལྡན་ཞིང་ཆེན་དུ་མཆོང་བརྒལ་བྱེད་པར་སྐུལ་འདེད་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཚོའི་འགན་ལེན་དང་ལེགས་བཅོས་ཡག་པོ་གཏང་དགོས་པའི་གལ་ཆེའི་བླང་བྱར་གོ་བ་ཟབ་མོ་བླངས་ཏེ། མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་སྔར་ལས་འཕེལ་ཞིང་། དེ་ལས་འགན་བཅོལ་ཡོད་པ་དང་དེ་ལས་རྒྱུན་མཐུད་ཡིན་པར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཤུགས་སྣོན་བྱ་དགོས་པའི་གལ་ཆེའི་བླང་བྱར་གོ་བ་ཟབ་མོ་བླངས་ཏེ། ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། གོམ་གང་མདུན་སྤོས་སྒོས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།
        བྱ་དངོས་ཐམས་ཅད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔྱིད་ཀྱི་དུས་འདིར། ང་ཚོས་འབད་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་བསྒྱུར་བ་དང་། དོན་དངོས་ཀྱི་ཕན་འབྲས་སུ་བསྒྱུར་ཏེ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་ཧུར་ཐག་བྱས་ཏེ། མགྱོགས་མྱུར་སྒོས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1