རྒྱུན་མཐུད་ངང་གོ་བ་ལོན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་དོན་དངོས་བསྒྲུབ་པར་ཤུགས་སྣོན་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-29


——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གྱི་དཔྱད་བརྗོད་གཉིས་པ།
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
        ཏང་གི་ཚོགས་ཆེན་བཅུ་དགུ་པ་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བཏོན་ཡོད་དེ། ཀྲུང་གོ་སྟེ་མི་གྲངས་དུང་ཕྱུར་13ཐེག་ཡོད་པའི་གྲུ་གཟིངས་ཆེན་མོ་དེའི་མདུན་སྐྱོད་ལ་གྲུ་ལམ་གསལ་རྟགས་གསར་པོ་བསྟན་པར། དུས་རབས་རང་བཞིན་གྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། དཔྱིད་གསར་དུས་ཆེན་གྱི་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛུབ་སྟོན་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་པར་དམིགས་ཏེ་བླང་བྱ་གལ་ཆེན་བཏོན་ཡོད་དེ། རྒྱུས་ལོན་ཟབ་མོ་དང་གོ་བ་ཡག་པོ་ལེན་པ། རྟོག་ཞིབ་མང་པོ་དང་གནས་ཚུལ་ངོ་མ་རྟོག་པ། དམིགས་གནད་དམ་འཛིན་དང་དམ་འཛིན་མཐའ་འཁྱོངས་བྱ་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་གོང་འོག་ཡོངས་སུ་མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འོས་འགན་ཐོག་མར་འཛིན་དགོས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུ་ཟུང་དུ་སྦྲེལ་ཏེ། རྒྱུན་མཐུད་སྒོས་གོ་བ་ལོན་པ་དང་བྱང་ཆུབ་པ། ནན་གྱིས་བསྒྲུབ་པའི་ཐད་ཤུགས་རྒྱག་བཞིན་ཤེས་སྤྱོད་ཟུང་འབྲེལ་དང་སྦྱངས་བ་གོ་ཆོད་པར་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དེ་སི་ཁྲོན་དུ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། 
        གོ་བ་ལོན་པ་དང་བྱང་ཆུབ་པར་བྱས་ཏེ་དོན་དངོས་བསྒྲུབ་དགོས་ཏེ། གོ་བ་ལོན་རྒྱུ་ནི་སྔོན་འགྲོ་དང་བྱང་ཆུབ་པར་བྱ་རྒྱུ་ནི་གཙོ་གནད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་རྒྱུས་ལོན་དང་གོ་བ་ཡག་པོ་ལེན་དགོས་ཞེས་ནན་གྱིས་བསྟན་པ་ལྟར། འདི་ནི་ང་ཚོར་གོ་བ་ལོན་པ་དང་བྱང་ཆུབ་པར་བྱེད་པའི་བརྒྱུད་རིམ་ཁྲོད་ལྷོད་གཡེང་གཏན་ནས་བྱ་མི་རུང་ཞིང་མྱུར་འགྲུབ་ཀྱི་ཐབས་ལམ་དེ་བས་ཀྱང་མེད་པས། ངེས་པར་དུ་ཤུགས་ཆེན་པོ་རྒྱག་བཞིན་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་གོ་བ་ལེན་དགོས་པར་མ་ཟད། སློབ་སྦྱོང་དང་བསམ་བློ་གཏོང་བ་དང་མཐའ་གསལ་མཐིལ་རྟོགས་ཡོང་བར་བྱ་དགོས་པའི་བསླབ་བྱ་གནང་། དེ་ཡང་ངེས་པར་དུ་གསལ་བོར་སྟོན་དགོས་པ་ནི་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པར་གཙོ་བོ་ནི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ཀྱི་འདུ་ཤེས་འཛུགས་དགོས་པ་དང་། དོན་དངོས་དང་ཟུང་སྦྲེལ་བྱེད་པར་གཙིགས་ཆེན་བྱེད་པ། ཟུང་སྦྲེལ་ཡིན་པ་ལས་ཁེར་རྐྱང་མིན་པ། མ་ལག་ལྡན་པ་ལས་ཐོར་བུ་མིན་པ། ཡོངས་འདུ་ཡིན་པ་ལས་ཆ་ཤས་ཀྱིས་སློབ་སྦྱོང་དང་གོ་བ་ལེན་པ་མིན་ཏེ། སྔར་ལས་ལེགས་པར་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ཁག་སོ་སོའི་ཕྱོགས་ཡོངས་རང་བཞིན་དང་འབྲེལ་ལྡན་རང་བཞིན། གཞོགས་འདེགས་རང་བཞིན་ཁོངས་སུ་ཆུད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ང་ཚོས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་རླབས་ཆེན་གྱི་ལས་གཞི་འཛུགས་སྐྲུན། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱུང་བ་བཅས་ཀྱི་ལག་ལེན་མཉམ་དུ་སྦྲེལ་མཐུད་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་བྱེད་པ་དང་། རང་ཞིང་གི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཇུས་འགོད་སྐུལ་འདེད་བྱེད་པ་བཅས་སྦྲེལ་མཐུད་བྱས་ན། ད་གཟོད་དངོས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྙིང་བཅུད་ཁོང་དུ་ཆུད་ཐུབ་ཅིང་། མུ་མཐུད་དུ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་སྤྱིའི་བཀོད་སྒྲིག་དང་འཐབ་ཇུས་ཇུས་འགོད། སྲིད་ཇུས་བྱ་ཐབས་བཅས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་གཏོང་བ་དང་། ཞིབ་ཕྲའི་གནད་དོན་ལ་འཕྲད་པ་དང་ཞིབ་ཕྲའི་ལས་དོན་ལ་གདོང་གཏད་སྐབས་གནད་ལ་འཁེལ་བའི་སྒོ་ནས་ཇུས་ཆོད་ལག་བསྟར་དང་འབེན་ཡོད་སར་མདའ་འཕེན་ཐུབ་པར་བྱ་དགོས།
        གོ་བ་ལོན་པ་དང་བྱང་ཆུབ་པ། ནན་གྱིས་བསྒྲུབ་པ་ལས་ནན་གྱིས་བསྒྲུབ་རྒྱུ་ནི་འགན་སྲུང་ཡིན་ཏེ། གཙོ་བོར་ནུས་ལྡན་སྒོས་རིམ་བསྒྱུར་བྱེད་པ་དང་སྔར་ལས་ལེགས་པའི་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་སི་ཁྲོན་གྱི་ལག་ལེན་ལ་མཛུབ་སྟོན་དང་སི་ཁྲོན་གྱི་ལས་དོན་ལ་སྐུལ་འདེད་བྱ་དགོས། ཇུས་འགོད་ཆ་གཅིག་དང་དོན་འཁྱོལ་ཆ་དགུ། དངོས་དོན་དུ་འཁྱོལ་བ་ནི་ལས་དོན་གྱི་གཉེར་ཕྱོགས་ཡིན་ཞིང་དངོས་དོན་དུ་འཁྱོལ་བ་ནི་བརྟག་དཔྱད་ཀྱི་ཚད་གཞི་ཡིན། རང་ཞིང་ལ་དམིགས་ནས་གླེང་ན་དུས་རབས་གསར་པའི་གནས་བབ་གསར་པའི་འོག་གི་ལས་དོན་ཁག་ཡག་པོར་བསྒྲུབ་དགོས་ན། ཐོག་མར་ངེས་པར་དུ་དཔྱད་ཞིབ་ཀྱི་སྲོལ་བཟང་དར་སྤེལ་ཆེན་པོ་གཏང་དགོས། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་དཔྱད་ཞིབ་དེ་ཕ་ནོར་དང་གཞི་རྩའི་ནུས་རྩལ་དུ་ངོས་འཛིན་བྱས་ཏེ། གཞི་རིམ་དུ་མང་དུ་བསྐྱོད་ཅིང་འཐབ་ས་དང་པོར་རྒྱུན་དུ་ཟབ་ཞུགས་བྱེད་པ་དང་མང་ཚོགས་ཀྱི་རེ་འབོད་ལ་ཉན་འཇོག་དང་གཞི་རིམ་གྱི་གནས་ཚུལ་ངོ་མར་རྒྱུས་ལོན་བྱས་ནས། གོང་གི་གནས་ཚུལ་འོག་ལ་སྒྲོག་པ་དང་འོག་གི་གནས་ཚུལ་གོང་ལ་སྙན་ཞུ་བྱེད་པའི་ཁྲོད་བཀག་རྒྱ་སེལ་ཞིང་ཟམ་སྒྲོམ་ཡག་པོ་བཙུགས་ནས་ལེགས་ཐོག་ཤར་གཏོང་ཐུབ་པ་བྱ་དགོས། དེ་ནས་བསྒྲུབ་པ་འབུར་དུ་ཐོན་པར་བྱ་དགོས་ཏེ། བྱ་བ་དངོས་སུ་བསྒྲུབ་པར་བརྩི་མཐོང་དར་སྤེལ་དང་། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་ལ་འབད་པ་བྱ་དགོས་པར་མ་ཟད། སྟོང་གཏམ་སྤང་གང་ཐུབ་དང་གནད་སྨིན་ཤུགས་འདོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དང་དམིགས་འབེན་ལས་འགན་དེ་ས་གནས་རང་དང་སྡེ་ཁག་རང་གི་ལས་དོན་གྱི་ལག་ལེན་དུ་རིམ་བསྒྱུར་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་ལས་གནས་སུ་དོན་འཁྱོལ་བྱ་དགོས་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ལས་དོན་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་དང་། གཅིག་བཟུང་ན་མཐར་གཏུགས་པ་དང་ཕན་འབྲས་དངོས་སུ་ཐོབ་
པར་བྱ་དགོས། 
        གོ་བ་ལོན་པ་དང་བྱང་ཆུབ་པ། ནན་གྱིས་བསྒྲུབ་པའི་ཐད་ཤུགས་རྒྱག་རྒྱུ་ནི་དུས་ཡུན་རིང་པོའི་བརྒྱུད་རིམ་ཞིག་སྟེ། རྒྱུན་མཐུད་དུ་ཤུགས་འདོན་པ་དང་སྙིང་རུས་གཏན་འཁྱོངས་བྱ་དགོས། ང་ཚོས་ནམ་ཡང་ལྷོད་གཡེང་མེད་པའི་སེམས་ཤུགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དེ་ནང་སེམས་སུ་ཆུད་པ་དང་ཕྱི་སྤྱོད་པར་འཇུག་པ་མཐའ་འཁྱོངས་བྱས་ཏེ། བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ཞིང་མི་དམངས་ལ་ཕན་པའི་ལས་དོན་ཁག་ནན་གྱིས་བསྒྲུབས་ནས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་གྱི་ལེའུ་གསར་པ་བྲི་བར་ཧུར་ཐག་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1