སི་ཁྲོན་བང་སྨད་རི་བོ་(博美山)ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་ནི་མཛེས་སྡུག་ལྡན་པའི་ཁྲོན་ནུབ་ས་མཐོའི་གྲོང་ཚོ་ཆུང་ཆུང་དཔལ་ཡུལ་རྫོང་ཁོངས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་མུའུ་14700ཡོད་ལ། ཆ་སྙོམས་ཀྱི་ཟབ་ཚད་ཏུའུ་28ཡས་མས་དང་། བང་སྨད་རི་བོའི་རྩེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4350ཡོད་ཅིང་། དཔལ་ཡུལ་རྫོང་མཁར་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པས། དེ་བར་ལ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་དམའ་སྨི་1300ཡི་ཁྱད་པ་ཡོད་པ་རེད།