འཁྲབ་སྟོན་པས་ཉིང་ཁྲིའི་སྐབས་བཅུ་དྲུག་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་སྟེང་འཁྲབ་སྟོན་བྱེད་བཞིན་པ།
ཟླ3པའི་ཚེས29ཉིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་རུ་སྐབས་བཅུ་དྲུག་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྤེལ་ཤིང་། དེར་བརྟེན་ནས་ས་གནས་ཀྱི་ཟོང་རྟགས་བསྐྲུན་ཏེ་ཉིང་ཁྲིའི་ཇ་ལོ་དང་། ཨ་རག་སོགས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཐེངས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ནི་ཟླ་གཅིག་རིང་སྤེལ་རྒྱུ་ཡིན་ལ། སྨིན་གླིང་རྫོང་གི་ཟུར་གསུམ་གྲོང་ཚོ་དང་། སྤོ་མེས་རྫོང་གི་ཁམ་བུའི་མེ་ཏོག་ལུང་བ། ཀོང་པོ་རྒྱ་མདའ་རྫོང་གི་བྲག་གསུམ་མཚོ་བཅས་སུ་ཡུན་ལག་ཚོགས་ར་བཙུགས་ཡོད། ཡུལ་སྐོར་བས་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཉམས་ལེན་བྱེད་པ་དང་དུས་མཚུངས་སུ་ད་དུང་“ཁམ་བུའི་ལྡུམ་རའི་སྤྲོ་སྣང་”དང་ཐང་ཀ་འགྲེམས་སྟོན་སོགས་ཀྱི་བྱ་འགུལ་སྣ་ཚོགས་ལའང་ཞུགས་ཐུབ།