འཐག་ལས་ལ་བརྟེན་ནས་ཕྱུག་འགྱུར་བརྩོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-18


            ན་ནིང་ཟླ་9ཚུན་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་གི་ལེགས་ཆར་བརྟེན་ནས་བཞོན་མ་དང་བོད་བྱ་གསོ་ཚགས་དང་། འཐུང་ཆུ་གསར་སྤེལ།ཤ་མོ་འདེབས་གསོ།ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ལྷ་སའི་ས་གཙང་སྤུས་རྟགས་བཏོད་ནས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་།ད་ཆ་བོད་རུམ་ཚད་ཡོད་སྤྱི་གཉེར་ཁང་ཁོ་ནས་ལོ་གཅིག་ནང་སྤུས་ལེགས་ཁ་གདན་སྨི་ངོས་གྲུ་ཁྲི་30ལྷག་ཙམ་བཏགས་པ་དེའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.7ལོན་པའི་ཁར་ཐོན་རྫས་ཀྱང་ཨུ་རུ་སུ་དང་།ཨོ་སི་ཐྲ་ལི་ཡ། ཁེ་ན་ཏ། ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་ལ་ཕྱིར་ཚོང་བྱས་ཤིང་། འདི་ནི་བོད་རུམ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་མི་མིག་དམར་མཚམས་གཅོད་ཀྱིས་དེང་རབས་ཅན་གྱི་འཁེལ་འཐག་འཕྲུལ་ཆས་ལ་བརྟེན་ནས་སྐུད་པ་འཁེལ་བའི་གནས་ཚུལ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1