ཞིང་གྲོང་དར་སྤེལ་གྱི“ཞིང་གསུམ”ལས་དོན་དམ་འཛིན་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03



——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གྱི་དཔྱད་བརྗོད་ལྔ་པ། 
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
        ཞིང་ནི་གནམ་འོག་གི་དོན་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ལོའི་དཔྱིད་གསར་དུས་ཆེན་སྐབས་སི་ཁྲོན་ཞིང་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ནས་ནུས་ཤུགས་ཡོད་དགུས་ཞིང་གྲོང་འཛུགས་བསྐྲུན་བྱ་རྒྱུའི་འཐབ་ཇུས་ཐད་བླང་བྱ་གལ་ཆེན་བཏོན་ཡོད་པ་རེད། འདིས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་རང་ཞིང་གི་ཞིང་གསུམ་ལས་དོན་ལ་མཐོང་ཆེན་གནང་བཞིན་ཡོད་པ་མཚོན་ཐུབ་ལ་སི་ཁྲོན་ཞིང་ཆེན་འདི་ཞིང་ལས་ཞིང་ཆེན་གྱི་ཡ་གྱལ་ཞིག་ཡིན་པའི་ཆ་ནས་“གསེར་རྟགས”སྔར་ལས་འོད་སྟོང་ལྡན་པ་ཡོང་བའི་རེ་འདུན་ཡང་མཚོན་ཡོད། 
        ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་ཞིང་ཆེན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་བྱ་རྒྱུ་དང་། ནུས་ཤུགས་གཅིག་སྡུད་ཀྱིས་ཞིང་གྲོང་འཛུགས་བསྐྲུན་ལས་དོན་ཐད་འབད་པ་བྱས་ནས་“ཞིང་
གསུམ་”ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུ་དང་། རང་རེའི་ཞིང་ཆེན་འདི་ཉིད་ཞིང་ལས་ཞིང་ཆེན་ནས་ཞིང་ལས་རྩེར་སོན་གྱི་ཞིང་ཆེན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། 
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ཞིང་གྲོང་དེང་རབས་ཅན་དུ་འཛུགས་བསྐྲུན་བྱ་རྒྱུའི་ཆོས་ཉིད་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་བྱས་ཏེ། “ཞིང་གསུལ་”ལས་དོན་ལེགས་འགྲུབ་ཡོང་རྒྱུའི་ཐད་བླང་བྱ་གལ་ཆེན་མང་པོ་དང་། འདུ་ཤེས་དང་དགོངས་པ་གསར་པ་རབ་དང་རིམ་པ་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཞིང་གྲོང་འཛུགས་བསྐྲུན་ལས་དོན་ཀྱི་འཐབ་ཇུས་ཐད་བཀོད་སྒྲིག་གལ་ཆེན་གནང་ཡོད། འདིས་“ཞིང་གསུམ“ལས་དོན་འཕེལ་རྒྱས་ཡོང་རྒྱུར་དུས་རབས་འབྱེད་པའི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
        རང་རེ་ཞིང་ཆེན་ནི་ཞིང་ལས་ཞིང་ཆེན་ཞིག་ཡིན་པས་ཞིང་གྲོང་གི་ས་རྒྱ་དང་གཞི་ཁྱོན་ཆེ་ལ། མི་ཚོགས་མང་བ་བཅས་ཀྱི་རྐྱེན་ཀྱིས“ཞིང་གསུམ”ལས་དོན་ལ་ལས་འགན་ལྗིད་པོ་འཕྲད་ཡོད། མིག་སྔར་ཞིང་ལས་དང་ཞིང་གྲོང་འཕེལ་རྒྱས་ཀྱི་ནང་གི་ནུས་རྐྱེན་དང་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཐེབས་ཡོད་པས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་འཕོ་འགྱུར་མྱོང་བའི་གནའ་བོའི་ཞིང་གྲོང་དེ་དག་ལ་གང་མགྱོགས་ངང་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྐོར་མཚམས་ཤིག་ལ་ཐུག་ཡོད། དེ་བས་ཞིང་ལས་ཞིང་གྲོང་དེང་རབས་ཅན་དུ་འཛུགས་བསྐྲུན་བྱ་རྒྱུའི་འཐབ་ལམ་གསར་པ་གཏོད་དགོས།
        དུས་རབས་གསར་པར་འཐབ་ལམ་གསར་པ་དང་དམིགས་ཡུལ་གསར་པ་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས“ཞིང་གསུམ”ལས་དོན་ལ་གཅིག་འདོམས་བྱེད་པ་དང་། རིམ་བཞིན་ཞིང་གྲོང་འཛུགས་བསྐྲུན་བྱ་རྒྱུའི་རང་འགུལ་རང་བཞིན་དང་བློ་བརྟན་རང་བཞིན་མཐོ་རུ་གཏོང་བ། མཐུན་སྦྱོར་ངང་ཞིང་གྲོང་གི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་བསྐྲུན་བྱ་རྒྱུ་དང་། དེ་བཞིན་ཏང་གི་འཛུགས་བསྐྲུན་བྱ་རྒྱུ་བཅས་ལ་སྐུལ་འདེད་བཏང་ན་ད་གཟོད་གཞི་ནས་ཞིང་ལས་ཁྱོན་ཡོངས་སུ་འཕེལ་རྒྱས་ཡོང་རྒྱུ་དང་། ཞིང་གྲོང་ཁྱོན་ཡོངས་ནས་མདུན་སྐྱོད་ཡོང་བ་དང་། ཞིང་པ་ཁྱོན་ཡོངས་ནས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ན། ད་གཟོད་གཞི་ནས་ཁྲོན་ཞིང་ཆེན་གྱི་གསེར་གྱི་“གསེར་རྟགས”དེ་འོད་སྟོང་ལྡན་པར་འགྱུར་ཐུབ།
        སི་ཁྲོན་ཞིང་ཆེན་གྱི་ཞིང་ལས་ཞིང་ཆེན་གྱི་གསེར་གྱི་“གསེར་རྟགས”དེ་བོར་མི་ཉན་ལ་བོར་ཡང་མི་སྲིད། འགག་རྩ་ནི་ཞིང་གྲོང་འཛུགས་བསྐྲུན་བྱ་རྒྱུའི་འཐབ་ལམ་དེ་དུས་རབས་གསར་པའི“ཞིང་གསུམ”ལས་དོན་ལེགས་འགྲུབ་ཡོང་བ་བྱ་རྒྱུའི་གནད་འགག་དེར་བརྩི་རྒྱུ་དེ་ཡིན། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་བོའི་གཙོ་བོར་འཛིན་པ་དང་། འཚོ་བ་ཕྱུག་འགྱུར་ཡོང་རྒྱུ་འགན་འཁྲི་གཙོ་བོར་འཛིན་དགོས། ཞིང་ལས་ཞིང་གྲོང་དམིགས་སུ་བཀར་ནས་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཞིང་པ་མང་ཚོགས་རྣམས་ཁང་པ་ཡག་པོའི་ནང་གནས་སྡོད་བྱ་ཐུབ་པ་དང་། འཚོ་བ་ཡག་པོ་སྤྱོད་ཐུབ་པ། གོམས་གཤིས་བཟང་པོ་སྐྱོང་ཐུབ་པ། སྲོལ་རྒྱུན་བཟང་པོ་དར་ཐུབ་པ་བྱ་དགོས།
        ཐོན་ལས་འཕེལ་རྒྱས་ལ་སྣང་འཇོག་བྱ་རྒྱུ་སྟེ། གནས་གཞི་འཛུགས་སྐྲུན་བྱ་རྒྱུ་དང་། ཚོང་རྟགས་གསར་གཏོད་བྱ་རྒྱུ། ལས་སྣོན་བྱ་རྒྱུ་གཙོ་བོར་བྱས་ཏེ་མགྱོགས་མྱུར་ངང་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། ཕུལ་བྱུང་། སྔོ་ལྗང་། དམིགས་གསལ། སྟོབས་ལྡན། གསར་པ། དངོས་ཡོད་བཅས་གཙོ་བོར་བཟུང་ནས་ཞིང་གྲོང་གི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
ཞིང་པའི་ཡོང་འབབ་མཐོ་རུ་གཏང་རྒྱུར་སྣང་འཇོག་བྱ་དགོས་ཏེ། ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་མང་དུ་གཏང་རྒྱུ། ཐོན་ཁུངས་ཉམས་གསོ་སོགས་ཚོང་རྭ་ཅན་ནང་རྐྱེན་དུ་འགྱུར་བ། ཐབས་ཤེས་ཡོད་དགུས་ཞིང་པའི་ཡོང་འབབ་མཐོ་རུ་གཏང་རྒྱུར་སྣང་འཇོག་བྱ་དགོས།
        ཞིང་གྲོང་མཉམ་འདྲེས་ཡོང་རྒྱུར་སྣང་འཇོག་བྱ་དགོས་ཏེ། གང་མགྱོགས་ངང་ལས་དོན་དར་སྤེལ་དང་ཁྱིམ་ཚང་ཕྱུག་འགྱུར། མི་དམངས་འཆམ་མཐུན་། གྲོང་ཚོ་མཛེས་སྡུག་ལྡན་པ་བཅས་ཀྱི་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པ་འཛུགས་བསྐྲུན་བྱ་དགོས། གྲོང་གསེབ་གྱི་སྡོད་ཁུལ་ཁོར་ཡུག་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ཏུ་བསྐྱོད་ཐུབ་པ་སྐུལ་འདེད་གཏང་རྒྱུ། ཞིང་གྲོང་མཐུན་མོང་གི་ཞབས་ཞུ་ཆ་སྙོམས་ངང་འཕེལ་རྒྱས་ཡོང་རྒྱུ་སྐུལ་འདེད་གཏང་རྒྱུ་བཅས་ཡིན།
        ཤེས་ལྡན་མི་སྣ་འདེགས་སྐྱོར་བྱ་རྒྱུར་སྣང་འཇོག་བྱ་དགོས་ཏེ། གོམ་གང་མདུན་སྤོས་ཀྱིས་རིག་སྟོབས་དང་། ལག་རྩལ། གྲོང་གསེབ་དོ་དམ་ལམ་བུ་བདེ་བགྲོད་བྱས་ནས་ཞིང་ལས་ཤེས་མཁན་དང་གྲོང་གསེབ་ལ་དགའ་མཁན། ཞིང་པར་གཅེས་མཁན་གྱི་ཞིང་གྲོང་ལས་དོན་མི་སྣ་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་ཡིན།
        ཞིང་གྲོང་འཛུགས་བསྐྲུན་འཐབ་ལམ་སྤྱོད་རྒྱུ་ནི་མགྱོགས་མྱུར་ངང་ཞིང་གྲོང་འཕེལ་རྒྱས་གཏང་རྒྱུ་དང་། ཞིང་གྲོང་མཉམ་འདྲེས་ཡོང་རྒྱུའི་འཐབ་ལམ་གལ་ཆེན་ཞིག་ཡིན། དེ་རིང་། ཞིང་གྲོང་འཛུགས་བསྐྲུན་གྱི་དུས་རབས་ཀྱི་དུང་བརྡ་འབུད་ཟིན། སི་ཁྲོན་གྱིས་ཁྱོན་ཡོངས་ནས་རྔམ་བརྗིད་ཆེ་ཞིང་སྐད་གསང་མཐོ་བའི་རོལ་དབྱངས་བཀྲོལ་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་བྱ་རྒྱུ་དང་། ཆོད་སེམས་དེ་ལས་ཆེ་བ་དང་། བྱ་སྤྱོད་དེ་བས་ཤུགས་ལྡན་ངང་ཞིང་གྲོང་འཛུགས་བསྐྲུན་ལས་དོན་བསྒྲུབ་དགོས་ལ། ནུས་ཤུགས་ཡོད་དགུས་རང་རེ་ཞིང་ཆེན་གྱི“ཞིང་གསུམ”འཕེལ་རྒྱས་ཀྱི་ལེ་ཚན་གསར་པ་བྲི་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1