བོད་ལྗོངས་ཀྱིས་བསྟུད་མར་ལོ་བདུན་ལ་རིན་མེད་ངང་ལུས་པོར་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་བར་མང་ཚོགས་ཁྲི300ལྷག་ལ་དངོས་ཕན་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-09



འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ་སྨན་བཅོས་མི་སྣས་སྡོད་དམངས་ལ་བདེ་ཐང་ཡིག་ཚགས་སྐོང་བཞིན་པའི་ཚུལ་རེད།
                གསར་འགོད་པས་བོད་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་མིག་སྔར་མཁར་གྲོང་སྡོད་དམངས་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་རིན་མེད་ངང་ལུས་པོར་ཞིབ་བཤེར་བྱེད་བཞིན་ཡོད་ལ། འདི་ནི་བོད་ལྗོངས་ཀྱིས་བསྟུད་མར་ལོ་བདུན་ལ་བྱ་འགུལ་འདི་སྤེལ་བ་ཡིན། 2017ལོར་བོད་ལྗོངས་ཀྱིས་རིན་མེད་ངང་ལུས་པོར་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་བར་བསྡོམས་པས་མང་ཚོགས་ཁྲི300ལྷག་ལ་དངོས་ཕན་ཐོབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1