ཟླ་4ཚེས་8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། ཚེས་7ཉིན་མཇུག་སྒྲིལ་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲོས་རྩལ་འགྲན་སློང་འགྲན་བསྡུར་(ཕོར་ཐིའུ་ཀལ་ས་ཚིགས)ནང་། ཀྲུང་གོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་སྐར་འབྲས་ཆུ་ཚོད་1དང་སྐར་མ་28སྐར་ཆ་4ཡི་ཐོག་ནས་བུད་མེད་སྤྱི་ལེ་20ཡི་འགྲོས་རྩལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།