ཉེ་ཆར། ཆུ་དངོས་སྲོག་ཆགས་སྐྱེ་འཕེལ་ཐུབ་པ་དང་། ཉ་རིགས་ཐོན་ཁུངས་རྒྱུན་མི་ཆད་པ་སླར་གསོ་དང་འཕེལ་རྒྱས་བྱུང་བར་ཁག་ཐེག་བྱེད་ཆེད། སེར་ཤུལ་རྫོང་ཕྱུགས་འབྲོག་ཅུས་ཉ་སྲིད་དོ་དམ་ས་ཚུགས་ཀྱིས་ཉ་མོ་སྐྱེ་འཕེལ་ཀྱི་དུས་ཚིགས(སྤྱི་ཟླ3པའི་ཚེས་གཅིག་ནས་སྤྱི་ཟླ6པའི་ཚེས30ཉིན་བར)ཤར་བ་དང་བསྟུན་ནས་ཉ་འཛིན་མི་ཆོག་པའི་ཀླུང་རྒྱ་བསྡོམས་པ་རེད། རྫོང་དེའི་གྲོང་སྡེ172དང་། ཤང་དང་གྲོང་རྡལ24ལ་ཉ་འཛིན་མི་ཆོག་པའི་རྒྱ་བོད་དྲིལ་བསྒྲགས་ལག་དེབ་བཀྲམ་པ་དང་བརྡ་ཐོ་སྦྱར་བས་མ་ཚད་མཐོང་སྣང་གསལ་སར་ཉ་འཛིན་མི་ཆོག་པའི་ཉེན་སྟོན་བསྒྲགས་བྱང་བཙུགས་པ་རེད། འདི་ནི་ལས་སྒྲུབ་མི་སྣས་ཉེན་སྟོན་བསྒྲགས་བྱང་འཛུགས་བཞིན་པའི་ཚུལ་རེད།