ཀོང་པོ་རྒྱ་མདའ་རྫོང་གིས་བོད་ཕག་ཐོན་ལས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་སྣེ་འཁྲིད་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 04-17


        ཉེ་བའི་ལོའི་རིང་།  ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་བོད་ཕག་ཐོན་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས།  བོད་ཕག་སྲུང་སྐྱོང་དང་རྒྱུད་པ་ལེགས་སུ་གཏོང་བ།  གཟན་ཆག་ལས་སྣོན།  བཤས་གཏོང་བ་སོགས་ཀྱི་ལྷུ་ཚིགས་ཁག་ནས་འགོ་བཙུགས་པས་ད་ལྟ་ཆ་ཚང་བའི་ཐོན་ལས་ཀྱི་འབྲེལ་ཐག་ཞིག་ཆགས་ཡོད་པ་དང་།  བོད་ཕག་ཆུང་ཆུང་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།  
        ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ་2017ལོར་ཀོང་པོ་རྒྱ་མདའ་རྫོང་དུ་བོད་ཕག་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.5ཟིན་པ་དང་།  བཤས་གཏོང་ཚད་མགོ་གྲངས་ཁྲི་2ལྷག་ཙམ་ཟིན་ཏེ་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུའི་ཐད་ནུས་པ་ཆེན་པོ་ཐོན་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1