ཝུན་ཁྲོན་ས་འགུལ་བྱུང་རྗེས་ཀྱི་ལོ་འཁོར་བཅུའི་འཕོ་འགྱུར་འདི་ན་གསལ།

རྡོ་རྗེ་དཔལ་དང་ཚུལ་ཁྲིམས་རྡོ་རྗེ་གཉིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-17



    ཡིག་འབྲུ་རེ་རེའི་གསེང་ནས་འཕོ་འགྱུར་མངོན།། པར་བརྙན་རེ་རེའི་ངོས་ན་གྲུབ་འབྲས་གསལ།། “5•12”ཝུན་ཁྲོན་ས་འགུལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་བར་རྗེས་དྲན་དང་། ས་འགུལ་གནོད་ཁུལ་གྱི་བསྐྱར་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་མོ་ངོམས་ཆེད། ཟླ་4བའི་ཚེས་10ཉིན། རྔ་བའི་ཉིན་རེའི་གསར་འགྱུར་ཁང་དང་ཀྲུང་གོའི་གློག་འཕྲིན་རྔ་བའི་ཡན་ལག་ཀུང་སིས་མཉམ་དུ“5•12”ཝུན་ཁྲོན་ས་འགུལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་བའི་གསར་འགོད་པའི་བཅར་འདྲི་དངོས་སུ་མགོ་བརྩམས་པ་རེད།
     ཐེངས་འདིའི་བཅར་འདྲི་ཡི་བརྗོད་སྙིང་ནི་དྲིན་གཟོ་འབད་བརྩོན་གྱི་ལོ་འཁོར་བཅུ་ཡིན་ལ། ས་འགུལ་བྱུང་རྗེས་ཀྱི་ལོ་ངོ་བཅུ་ཡི་རིང་ལ། གནོད་ཁུལ་མང་ཚོགས་ཀྱི་འཚོ་བའི་འཕོ་འགྱུར་དང་གནོད་རྗེས་ཀྱི་བསྐྱར་སྐྲུན་དང་འཕེལ་རྒྱས། རོགས་སྐྲུན་གཏམ་རྒྱུད་སོགས་ནང་དོན་གཙོ་བོར་འགོད་རྒྱུ་ཡིན་པས། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གིས་རྔ་བའི་གྲུབ་འབྲས་ཀྱི་ཡིད་འཕྲོག་དང་རྔ་བའི་འཕོ་འགྱུར་གྱི་བརྙན་རིས། རྔ་བའི་ཉམས་མྱོང་གི་གཏམ་རྒྱུད། རྔ་བའི་ཉམས་ལེན་གྱི་མི་སྣ། རྔ་བའི་རྗེས་དྲན་གྱི་ཐད་གཏོང་། རྔ་བའི་དྲན་ཤིང་གི་དཔྱད་བརྗོད་སོགས་ལེ་ཚན་ཆེད་དུ་བཀོད་དེ། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རྔ་བའི་ཉིན་རེའི་ཚགས་པར་དང་རྔ་བའི་གསར་འགྱུར་དྲ་བ། སྐད་འཕྲིན་སྤྱི་སྟེགས། ཁ་པར་གསར་འགྱུར་སོགས་སྨྱན་སྦྱོར་10བརྒྱུད་ནས་ཕྱོགས་ཡོངས་དང་སྣ་མང་བོ་ནས་དྲིལ་སྒྲོག་བྱེད་རྒྱུ་ཡིན།
      ཐེངས་འདིའི་བཅར་འདྲི་ནི་རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་སྨྱན་སྦྱོར་མཉམ་འདྲེས་སྒྱུར་བཅོས་རྗེས་ཀྱི་དྲིལ་སྒྲོག་ཐབས་ལམ་གསར་བ་ཞིག་ཡིན་ལ། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་སྨྱན་སྦྱོར་ཡོངས་ནས་ཡིག་རིས་བརྙན་གསུམ་གྱི་ལམ་ནས་“5•12”ཝུན་ཁྲོན་ས་འགུལ་ཆེན་མོ་བྱུང་རྗེས་ཀྱི་གནོད་པ་ཚབས་ཆེན་ཐེབས་ཁུལ་དང་གནོད་ཁུལ་གྱི་མང་ཚོགས་དྲིན་གཟོ་འབད་བརྩོན་གྱི་བརྒྱུད་རིམ་ཁྲོད་ཐོབ་པའི་གྲུབ་འབྲས་གསར་བ་དང་ཐོད་བརྒལ་གསར་བ་བསྒྲགས་ནས། དུས་རབས་ཀྱི་བསམ་བློ་ལྡན་པའི་ཡིད་དབང་འགུག་པར་བྱེད་པའི་གཏམ་རྒྱུད་དང་བརྩེ་འདང་ཟབ་མོའི་བསམ་བློ་སྔོག་འདོན་བྱས་ཏེ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་རྔ་ཁུལ་གྱི་འཕོ་འགྱུར་དང་གྲུབ་འབྲས་ངོམས་སྟོན་བྱེད་པ་དང་། གསོན་ཤུགས་རྒྱས་ཤིང་དྲིན་གཟོ་འབད་བརྩོན་གྱི་བསམ་བློ་མཚོན་པར་བྱེད་རྒྱུ་ཡིན།

     ལོ་འཁོར་བཅུ་ལ། ཀློག་པ་པོ་རྣམས་ཀྱིས་ཝུན་ཁྲོན་དང་ལིས་རྫོང་། མའོ་རྫོང་སོགས་གནོད་ཐེབས་རྫོང་ཁག་དག་ལ་ཇི་ལྟར་འཕོ་འགྱུར་བྱུང་ཡོད་པ་རྟོགས་འདོད་ན། པར་རིས་འདི་དག་ལ་གཟིགས་དང་ཤེས་ཡོང་།

གནོད་རྗེས་བསྐྱར་བསྐྲུན་གྱི་རྔ་བ་ཁུལ་ཝུན་ཁྲོན་རྫོང་གི་རྫོང་མཁར།

གནོད་རྗེས་བསྐྱར་བསྐྲུན་གྱི་རྔ་བ་ཁུལ་ལིས་རྫོང་གི་རྫོང་མཁར། 

གནོད་རྗེས་བསྐྱར་བསྐྲུན་གྱི་རྔ་བ་ཁུལ་མའོ་རྫོང་གི་རྫོང་མཁར།

ཁྲོ་ཆུ་རྫོང་ཞང་ཞུང་ལྷ་སྡེ།

གཟི་རྩ་སྡེ་དགུ་རྫོང་གི་མཚན་མོའི་མཛེས་ལྗོངས།

བཙན་ལྷ་རྫོང་འོག་གཞི་གྲོང་རྡལ་གྱི་ཀོན་ཀྲའེ་སྡེ་བ།
    མིག་སྔར། ངེད་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་ཝུན་ཁྲོན་རྫོང་དང་ལིས་རྫོང་། མའོ་རྫོང་། ཟུང་ཆུ་རྫོང་། ཁྲོ་ཆུ་རྫོང་། བཙན་ལྷ་རྫོང་། ཝོ་ལུང་དམིགས་བསལ་ས་ཁུལ་སོགས་“5•12”ཝུན་ཁྲོན་ས་འགུལ་ཆེན་མོ་ལས་གནོད་སྐྱོན་ཚབས་ཆེན་ཐེབས་ཁུལ་དུ་སོང་ནས་བཅར་འདྲི་བྱེད་བཞིན་ཡོད་པས། ཀུན་གྱིས་དོ་སྣང་བྱེད་རོགས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1