ཟླ་4ཚེས་7ཉིན། སི་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཏ་མ་སི་ཁུ་གྲོང་ཁྱེར་གྱི་ཤར་འདབས་ཏུང་གུ་ཐ་ས་ཁུལ་དུ"རྫས་འགྱུར་མཚོན་ཆ་ཡིས་འཇབ་རྒོལ"དོན་རྐྱེན་བྱུང་བ་རེད། ཚེས་10ཉིན། སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་སི་རི་ཡ་ཕྱོགས་ནས་རྫས་འགྱུར་མཚོན་ཆ་བཀག་འགོག་གི་བརྟག་དཔྱད་ཚོགས་པ་དངོས་གཞི་གདན་ཞུ་གནང་སྟེ་ཏུང་གུ་ཐ་ས་ཁུལ་གྱི་ཏུ་མ་རུ་ཕྱིན་ཏེ་བརྟག་དཔྱད་གནང་རེ་ཞུས་པ་རེད།
རྐང་འཁོར་བཞོན་པའི་བྱིས་པ་ཞིག་ཏུ་མ་གྲོང་རྡལ་གྱི་ལྟེ་བའི་ཐང་ཆེན་ནས་སྐྱོད་པ།
རྐང་འཁོར་བཞོན་ནས་གྱང་རོའི་མདུན་ནས་སྐྱོད་པ།
སྲང་ལམ་འགྲམ་ནས་བག་ལེབ་ལེན་པ།
ཟླ་4ཚེས་16ཉིན་གྱི་ཏུ་མ་གྲོང་རྡལ་གྱི་རྣམ་པ།
བག་ལེབ་ཟ་བཞིན་པའི་བྱིས་པ་ཞིག
ཚོང་པ་ཞིག་གིས་ལམ་འགྲམ་དུ་བག་ལེབ་བཟོ་བཞིན་པ།
སྲང་ལམ་འགྲམ་ནས་བག་ལེབ་ལེན་པ།