ཀྲུང་གོས་དབུལ་པོ་སེལ་ཐབས་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-18
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས(འབྲུ་ཞིང་རྩ་འཛུགས)ཀྱི་སྤྱི་ཁྱབ་ཀན་ཧྲི་རུའོ་ཙེ·ཀེ་ལ་ཆི་ཡ་ནུའོ·ཏ་ཞིར་ཝ་ཡིས། ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་དབུལ་པོ་སེལ་ཐབས་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ལྷག་པར་དུ་དབུལ་པོ་སེལ་བའི་བྱེད་ཐབས་གསར་གཏོད་ཐད་མི་རྣམས་ལ་བག་ཆགས་གཏིང་ཟབ་བཞག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བཏོན་ཡོད། ཀྲུང་གོས་བཟའ་བཅའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཁ་གཏད་གཅོག་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
ཏ་ཞིར་ཝས་ཉེ་ཆར་ཧྥེ་ཅིར་འཚོགས་པའི་སྐབས་34པའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་རྩ་འཛུགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ཁོངས་ཀྱི་ཚོགས་ཆེན་ནང་ཞུགས་པ་དང་། ཁོང་གིས་དོན་དངོས་ཐོག་ཀྲུང་གོར་དབུལ་པོ་སེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདས་ཟིན་པའི་ལོ་40ཡི་རིང་ཀྲུང་གོར་མི་འབོར་དུང་ཕྱུར་8གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་བྱེད་རོགས་བྱས་པ་དེ་ནི་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐོན་ཁུངས་ལ་སྐོང་འཐེན་ནུས་ལྡན་དང་། དེ་བཞིན་དབུལ་སྒྲོལ་བྱེད་ཐབས་ཐད་གསར་གཏོད་ཤུགས་ཆེན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བརྗོད།
ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་དབུལ་སྒྲོལ་འཐབ་ཇུས་ཀྱི་དམིགས་ཚད་གསལ་པོ་བཟོས་པ་དེས་ཀྲུང་གོ་སྲིད་གཞུང་གིས་མི་ཚོགས་དབུལ་པོ་གནད་ལ་འཁེལ་བ་གཏན་འཁེལ་བྱས་པར་རོགས་སྐྱོར་ཐུབ་ནས་དབུལ་སྒྲོལ་བྱེད་རོགས་བྱས་ཡོད་ཅེས་བརྗོད།
ཁོང་གིས་ཀྲུང་གོས་དབུལ་སྒྲོལ་ཐད་གསར་གཏོད་ཀྱི་བྱེད་ཐབས་མང་པོ་ཞིག་བཏོན་པ་དཔེར་ན། དྲ་ཐོག་ཚོང་དོན་གྱིས་ཞིང་པ་དང་ཁྲོམ་ར་འབྲེལ་མཐུད་བྱས་ནས་ཞིང་པའི་ཡོང་འབབ་མང་དུ་བཏང་བ་ལྟ་བུ་རེད། ཀྲུང་གོས་ཞིང་ལས་འཕེལ་རྒྱས་དང་གསར་གཏོད་ཐད་མིག་དཔེ་བཏོན་པ་དང་གསོག་འཇོག་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ལག་རྩལ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་དཔྱད་གཞི་མཁོ་འདོན་ཐུབ་ཡོད་པ་བཤད་ཆོག་ཅེས་བརྗོད།
ཀྲུང་གོས་རྨོ་ཞིང་འཛམ་གླིང་གི་10%ཡང་མ་ཟིན་པའི་ཐོག་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་གྲུབ་འབྲས་ཐོབ་པའི་ངང་འཚོ་སྐྱོང་བྱས་ཏེ་འཛམ་གླིང་ལ་མིག་དཔེ་བཏོན་ཡོད། ཏ་ཞིར་ཝས་རྒྱལ་ནང་གི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པ་དང་དུས་མཚུངས། ཀྲུང་གོས་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་བྱེད་པ་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རོགས་རམ་བྱེད་བཞིན་ཡོད། ཀྲུང་གོ་འཕེལ་རྒྱས་སོང་བ་དེས་རྒྱལ་ཁབ་གཞན་དག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བརྗོད།
ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞི་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བརྒྱུད། ཀྲུང་གོས་རྒྱལ་ཁབ་གཞན་དག་དང་བཟའ་བཅའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་གི་ཉམས་མྱོང་སྔར་བས་ལོངས་སྤྱོད་བྱེད་ཐུབ་ངེས་རེད་ཅེས་བརྗོད།
ཁོང་གིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲུ་ཞིང་རྩ་འཛུགས་ཀྱི་དམིགས་ཚད་གཅིག་མཚུངས་ཡིན་པ་དེས་ཕྱོགས་གཉིས་པོའི་མཉམ་ལས་ལ་གོ་སྐབས་བཟང་པོ་ཧ་ཅང་མང་པོ་མཁོ་འདོན་ཐུབ་རྒྱུ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྒྲོམ་གཞིའི་འོག ཕྱོགས་གཉིས་པོས་ཁོང་ཡངས་དང་རྒྱུན་སྲིང་གི་བཟའ་བཅའི་མ་ལག་འཕེལ་རྒྱས་དང་། གྲངས་འཛིན་ཞིང་ལས་ཁྱབ་ཁོངས་གསར་གཏོད། མཐའ་མཚམས་ལས་བརྒལ་བའི་སྲོག་ཆགས་དང་རྩི་ཤིང་གི་ནད་ཡམས་ཚོད་འཛིན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐད་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་ཆོག་པའི་ངོས་འཛིན་བྱས་པ་རེད།
ཁོང་གིས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་འབྲུ་ཞིང་རྩ་འཛུགས་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་ཕྱོགས་གཉིས་པོས་རོགས་ཟླའི་འབྲེལ་བ་བརྟན་པོ་ཞིག་བཙུཌ་ཡོད། ད་ཆ་ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་དང་རྒྱ་ཁྱབ་ཀྱི་རོགས་ཟླའི་འབྲེལ་བ་སྲིད་ལོ་གསར་པར་སླེབས་ཡོད། ཀྲུང་གོ་འདི་ཉིད་ཉིན་བཞིན་འབྲུ་ཞིང་རྩ་འཛུཌ་ཀྱིས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རོགས་ཟླ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་རྒྱུན་སྲིང་ཐུབ་པའི་ཞིང་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཡུང་ཤིན།