ཟླ་4ཚེས་13ནས་ཚེས་14ཉིན་བར། སི་ཁྲོན་དཀའ་མཛེས་ཁུལ་གླུ་གར་ཚོགས་པའི་སྒྱུ་རྩལ་པ་ཚོ་ལི་ཐང་རྫོང་དུ་བསྐྱོད་ནས། བོད་རིགས་མང་ཚོགས་ལ་བོད་ཀྱི་ལུགས་སྲོལ་གྱི་བྲོ་བ་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱེད་པ་དང་། བོད་རིགས་སྤུན་ཟླ་མང་པོ་རིག་རྩལ་འཁྲབ་སྟོན་དུ་ལྟ་བར་ཡོང་ཡོད་པ་རེད།