འདི་ནི་དར་རྒྱས་མི་རིགས་སྲོལ་རྒྱུན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཧྲེ་ཡོན་གྱིས་སྣམ་བུ་འཐག་བཞིན་པའི་གནས་ཚུལ་ཡིན་པ།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་མི་རིགས་རྒྱན་གོས་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་དེང་རབས་དར་སོ་ཆེ་བའི་རྒྱུ་ཆ་རྒྱུན་ཆད་མེད་པར་སྤྱད་པར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ལ“ཟོམ་པ་ལྷམ་གྱི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད་པ་དང་ཟོམ་པར་སྤྱད་པའི་རྒྱུ་ཆ་སྤུས་ཀ་དག་ལ་སྤྱོད་ཤན་ཆེན་པོ་ཡོད། པ་སྣམ་དར་རྒྱས་མི་རིགས་སྲོལ་རྒྱུན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་སྲོལ་རྒྱུན་ལག་རྩལ་ལ་སྒྱུར་བཅོས་དང་གསར་གཏོད་བྱས་པ་བརྒྱུད་སྤུས་ལེགས་ཀྱི་ཟོམ་པ་ཐོན་སྐྱེད་བྱས་པ་དང་འབྲེལ་ཁྲོམ་རའི་ཐོག་འཚོང་གི་ཡོད་པས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། །