ལི་ཐང་རྫོང་གིས་ཤིང་སྡོང་ཁྲི་ལྔ་བཙུགས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-25


        དཔྱིད་དཔལ་གྱི་རང་མདངས་མཐོ་སྒང་གི་རི་ཀླུང་ཀུན་ཏུ་ཁྱབ་ཅིང་སྔོ་ལྗང་གཡུ་ལོས་ཁམས་བོད་ལི་ཐང་མཐོ་སྒང་གི་ཡུལ་གྲུར་གཡོགས་དུས། ལི་ཐང་རྫོང་དུ་ཤིང་སྡོང་འཛུགས་པའི་ལས་ཀ་སྤེལ་ནས་སྡོང་མྱུག་ཁྲི5ཡིས་ཁྱིམ་གཞིས་ལ་མཛེས་ཆས་སྤྲས་པ་རེད།
        ཟླ་བ4པའི་ཚེས8ཉིན། ཤིང་འཛུགས་ནགས་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་སུ་ལྗང་འགྱུར་བྱེད་པའི་བྱེད་སྒོའི་ཡ་གྱལ་དུ་གྱུར་པའི་ལི་ཐང་རྫོང་གིས་བྱ་སྤྱོད་སྤེལ་བ་ཞེས་པའི་2018ལོའི་འོས་འགན་ཤིང་འཛུགས་ནགས་སྤེལ་གྱི་འགོ་འཛུགས་མཛད་སྒོ་དེ་གྲོང་ཁུལ་ལྷོ་རྒྱུད་ཀྱི་འདམ་རར་སྤེལ་བ་རེད། རྫོང་རིམ་པའི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་དང་རྫོང་རིམ་པའི་ལས་བྱེད་པ་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་སློབ་མ། བཅའ་སྡོད་བྱེད་མཁན་དཔོན་དམག མཐོ་གྲོང་གྲོང་རྡལ་གྱི་ཞིང་འབྲོག་པ། སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་ཀྱིས་ཤིང་འཛུགས་ལག་ཆ་ཁྱེར་ནས་མི་རེས་སྡོང་མྱུག་གཉིས་རེ་གསོན་ཐབས་བྱེད་ཅེས་པའི་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་བ་རེད།
        ལས་འགོ་འཛུགས་པའི་མཛད་སྒོ་མཇུག་སྒྲིལ་རྗེས། སྡེ་ཚན་སོ་སོ་དང་སྡེ་ཁག་སོ་སོའི་ལས་བྱེད་པ་དང་ལས་བཟོ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་དེ་སྡོང་མྱུག་འཛུགས་ཡུལ་དུ་ཕྱིན་ནས། འགའ་རེས་ས་དོང་བརྐོ་བ་དང་། འགའ་རེས་ཆུ་འདྲེན་པ། འགའ་རེས་སྡོང་མྱུག་སྐྱོར་རོགས་བྱས་པ་རེད། རྫོང་རིམ་པའི་འགོ་ཁྲིད་དང་སྤྱིར་བཏང་གི་ལས་བཟོ་པ། བཅའ་སྡོད་བྱེད་མཁན་དཔོན་དམག སློབ་གྲྭའི་དགེ་རྒན། སློབ་མ། ཞིང་འབྲོག་མང་ཚོགས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་སོགས་གང་ཡིན་ན་འདྲ། ཕན་ཚུན་རམ་འདེགས་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྒོས་སྡོང་མྱུག་བཙུགས་པ་དང་ཆབས་ཅིག རྫོང་ཁུལ་གྱི་མཐའ་སྐོར་དང་སྡེ་ཚན་གྱི་སྒོ་ར། ཞིང་སྡེའི་འབྲོག་ཁུལ། འགྲིམ་འགྲུལ་ལམ་རྒྱུད་སོགས་ལ་ལོ་རེར་ཐེངས་རེའི་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་ནས། མཐོ་གྲོང་གི་ས་གཞི་ཡངས་པོར་དམངས་ཡོངས་ཀྱིས་ཤིང་འཛུགས་ནགས་སྤེལ་དང་ཁོར་ཡུག་ལེགས་བཅོས། ཐུན་མོང་དུ་ལྗང་མདོག་གི་ཁྱིམ་གཞིས་གསར་སྐྲུན་སོགས་བྱས་ནས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་དར་སྲོལ་ཞིག་བསླངས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་ད་ལོར་སྡོང་མྱུག་ཁྲི5བཙུགས་ནས་ལི་ཐང་དེ་དཀར་མཛེས་ཁུལ་ལྷོ་རྒྱུད་ཀྱི་གཡུ་ལོ་ལྡན་པའི་ཞིམ་ཁམས་ཞིག་བསྐྲུན་ཞིང་། སྐྱེ་ཁམས་མཛེས་སྡུག་དང་མི་སྡོད་ཁོར་ཡུག་འཚམ་པའི་ལི་ཐང་གསར་པ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1