ཞིན་ཅིན་ཕིང་གིས་ཚོགས་འདུའི་ཐོག བློ་མཐུན་ཏེན་ཞའོ་ཕིང་གིས་ང་ཚོར་གནང་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དགོངས་འཆར་དག་རེ་རེ་བཞིན་མངོན་འགྱུར་ལེགས་པོ་བྱུང་བཞིན་ཡོད་ལ། ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་ཉིན་མ་རེ་རེ་བཞིན་སྟོབས་འབྱོར་ལྡན་པར་ཕྱོགས་བཞིན་ཡོད། ཀྲུང་ཧྭ་མི་རིགས་གོམ་པ་རེ་རེ་བཞིན་རླབས་ཆེན་གྱི་བསྐྱར་དར་ལ་ཕྱོགས་བཞིན་ཡོད། དུས་རབས་20པའི་ནང་ཀྲུང་གོའི་གུང་ཁྲན་ཏེན་དང་མི་དམངས་ལ་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་རྒྱལ་ཁ་ཐོབ་མྱོང་བ་བཞིན། དུས་རབས་21པའི་ནང་ཡང་སྔར་ལས་ལྷག་པར་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་ངེས་རེད་ཅེས་ནན་གསུངས་གནང་ཡོད།
ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན།ཀྲང་གོ་ལི་བཅས་ཚོགས་འདུར་ཞུགས་ཡོད་ལ། ལིའུ་ཡུན་ཧྲན་གྱིས་མདོ་འཛིན་གནང་།
ཞིན་ཅིན་ཕིང་གི་གཏམ་བཤད་ཁྲོད་ནས་རླབས་ཆེན་གྱི་སྐྱེས་བུ་ཏེན་ཞའོ་ཕིང་གི་མཛད་རྗེས་ལ་ཕྱོགས་བསྡོམས་བཀོད། ཏེན་ཞའོ་ཕིང་གིས་རྒྱལ་ཁབ་ཀྱི་ཆེད་དུ་འཛུགས་བསྐྲུན་དང་གསར་བརྗེ། བཅོས་བསྒྱུར། ཀྲུང་ཧྭ་མི་རིགས་ཀྱི་རང་དབང་དང་འབྱོར་ཕྱུག་སོགས་སུ་བཞག་པའི་བྱས་རྗེས་རྒྱལ་ཁབ་འདིའི་མངའ་ཁོངས་ཆེན་པོའི་སྟེང་དུ་ནམ་ཡང་ནུབ་པ་མེད་ལ། རླབས་ཆེན་གྱི་སྐྱེས་བུ་དམ་པ་ཁོང་ནམ་ཡང་མི་དམངས་ཁྲོད་དུ་གནས་ཡོད་ལ་ནམ་ཡང་མི་དམངས་ཀྱི་སེམས་ན་གསོན་ཡོད།