ཕ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་པར་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-21


         ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་ཞི་བའི་གྲོས་མོལ་ལ་ཞུགས་པའི་ཕ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པའི་འགན་ཁུར་བ་ཨེ་ཧཱ་མེད་ཏི་ཡིས་ཚེས་19ཉིན་གྱི་དགོང་མོར་ཁེ་རོ་ནས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་ཟེར།

         ཨེ་ཧཱ་མེད་ཏི་ཡིས་བཤད་རྒྱུར། ཕ་ལེ་སི་ཐན་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་ཆེས་དམའ་བའི་ཆེ་བའི་སྐོར་གྱི་ཡིག་ཆ་ཞིག་ཨེ་ཅིབ་ལ་སྤྲད་ཡོད་ཀྱང་གྲོས་མོལ་ལ་གྲུབ་འབྲས་མ་ཐོབ་ཟེར། ཁོས་ད་རུང་བཤད་རྒྱུར། མིག་སྔའི་གནས་བབ་སྔར་ལས་ཛ་དྲག་ཡིན་པ་དང་། ཕ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་བཏོན་པའི་ལུགས་མཐུན་མིན་པའི་རེ་བ་དང་ལེན་བྱེད་ཐབས་མེད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1