ནག་ཆུ་ས་ཁུལ་གྲོང་ཁྱེར་ལ་སྒྱུར་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-27


        ཟླ་4ཚེས་25ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་དུ་གྲོང་ཁྱེར་སྒྱུར་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རང་རྒྱལ་གྱི་ས་ཆའི་རྒྱ་ཁྱོན་ཆེས་ཆེ་བའི་ས་ཁུལ་རིམ་པའི་གྲོང་ཁྱེར་ནག་ཆུ་གྲོང་ཁྱེར་གྱི་སྒོ་བྱང་བཀལ་བ་རེད།
        ནག་ཆུ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི"བྱང་གི་སྒོ་ཆེན་པོ"ཡིན་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་43ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཁྱོན་ལས་1/3ཟིན་པ་དང་། ཆུས་1དང་རྫོང་10 ཤང་གྲོང་རྡལ་114 གྲོང་གསེབ་1190ཡོད་ལ། སྤྱིའི་མི་འབོར་ཁྲི་50ལྷག་ཡོད་པ་དང་། དེའི་ཁྲོད་དུ་འབྲོག་པ་ཁྲི་46.8ཡོད་ཅིང་། ནག་ཆུ་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔ་ཡི་གྲུབ་ཆ་གལ་ཆེན་གཅིག་ཡིན་པ་དང་། རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་6.32ཡོད་ཅིང་། ས་ཞིང་སྤྱི་ཆིང་4916ལ་ལོ་ཏོག་འདེབས་ཤིང་། རང་བྱུང་གི་བཏུང་ཆུའི་ཐོན་ཁུངས་དང་། དྭངས་གཙང་གི་ནུས་ཁུངས། བོད་སྨན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1