རྔ་བ་ཁུལ་གྱི་རིན་མེད་ལམ་ཡིག་ལེན་ས་ཐོག་མ་ལིས་རྫོང་དུ་བཙུགས་པ།
ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-27
ད་ལོའི་ཟླ4པར་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱིས་བཀོད་སྒྲིག་ལྟར། ལིས་རྫོང་སྤྱི་བདེ་ཅུས་ཀྱིས་རྔ་བ་ཁུལ་གྱི་ཕྱི་འགྲིམ་ལམ་ཡིག་ཡར་ཞུ་མཁན་ལ་རིན་མེད་འདྲ་པར་ཞབས་ཞུའི་ས་ཚིགས་ཐོག་མ་བཙུགས་ཤིང་། མང་ཚོགས་ཀྱི་ལམ་ཡིག་གི་འགྲོ་ལུགས་སྒྲུབ་པར་སྟབས་བདེ་བ་མ་ཟད་ལོ་རེར་མང་ཚོགས་ཀྱི་འགྲོ་སོང་སྒོར་ཁྲི་བཅུ་ལ་ཉེ་བ་གྲོན་ཆུང་བྱ་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་ནས་བཟུང་། ལིས་རྫོང་གི་ཕྱི་འགྲིམ་ལམ་ཡིག་ཡར་ཞུ་མཁན་ཇེ་མང་དུ་སོང་བ་དང་། 2015ལོའི500ལྷག་ནས2017ལོར2555རུ་འཕར་བ་དང་། སྔོན་དཔག་ལྟར་ན་ད་ལོ་ད་དུང་མུ་མཐུད་དུ་འཕར་རྒྱུ་རེད། སྔོན་ཆད་ཕྱི་འགྲིམ་ལམ་ཡིག་གི་འགྲོ་ལུགས་སྒྲུབ་སྐབས་ངེས་གཏན་གྱི་པར་ཁང་དུ་སོང་ནས་ཚད་ལྡན་འདྲ་པར་ལེན་པར་སྒོར30ནས60ཡས་མས་ཀྱི་ཡོན་སྤྲོད་དགོས་ཀྱིན་ཡོད། ད་ནི་ཕྱི་འགྲིམ་ལམ་ཡིག་གི་པར་ལེན་སྒྲིག་ཆས་དངོས་སུ་སྤྱོད་མགོ་བརྩམས་པ་ནས་བཟུང་། སྟབས་བདེའི་ཐབས་ལམ་འདིས་མང་ཚོགས་ཀྱི་ལམ་ཡིག་ལེན་པར་སྟབས་བདེ་བསྐྲུན་པ་མ་ཟད། མང་ཚོགས་ཀྱི་ལམ་ཡིག་གི་འགྲོ་སོང་ཇེ་ཉུང་དུ་བཏང་འདུག་པས། ཀུན་གྱིས་དགའ་བསུ་བླ་ན་མེད་པ་ཐོབ་ཀྱིན་ཡོད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1