ཟླ་4ཚེས་25ཉིན། ཤེས་རྟོགས་བྱུང་བར་གཞིགས་ན། དར་རྩེ་མདོ་གྲོང་ཁྱེར་གྱིས་སྲིད་གཞུང་གི་རོགས་སྐྱོར་དང་ཁེ་ལས་ཀྱི་རམ་འདེབས་བྱས་པ་བརྒྱུད། དེ་བཞིན་དུ་མི་དམངས་ལ་ཕན་ཐོག་པའི"ཁེ་ལས+རྟེན་གཞི+ཞིང་པ"བཅས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་རྣམ་པ་ལས། གོམ་གང་མདུན་སྤོས་ངང་ཞིང་ལས་ཀྱི་ལས་ཕྱོད་མཐོར་རུ་བཏང་ཡོད་ལ། གྲོང་ཚོའི་མཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་ནས། མི་དམངས་ཀྱི་དུས་ཡུན་རིང་པོའི་ལས་ཞུགས་གནས་ཚུལ་ཐག་གཅོད་དང་། ནས་ཀྱི་ཚོང་ལམ་ཤར་གཏོང་ཐུབ་པ། མུ་མཐུད་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་དམིགས་ཡུལ་མངོན་འགྱུར་བྱས་པ་དང་། ས་གནས་དེ་གའི་ནས་སྨུག་སྔོན་ཆད་རང་ཁ་རང་གསོ་ནས་ད་ཆར"དངུལ་ཁུག་སྡོང་པོ་རུ"གྱུར་ཏེ། གྲོང་མི་ཚོ་དབུལ་ཕོངས་ལས་སྒྲོལ་ཏེ་འབྱོར་འབྲིང་འཚོ་བར་བསྐྱོད་པ་ལ་ཡོང་འབབ་འཕར་སྣོན་བྱེད་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་རེད།
ནས་སྨུག་ལས་སྣོན་མ་བྱས་ཚེ་ཟུར་སྣོན་རིན་ཐང་སྐྱོ་བས་སྔ་རྗེས་སུ་ནས་ཀྱི་ཐུག་པ་དང་ནས་རྔོས་ཁ་བཟས་སོགས་ཚོད་ལྟ་བྱས་རུང་མཁོ་རྒྱུག་ཆེ་བ་ནི་ནས་ཆང་ལས་མང་བ་མེད།དར་རྩེ་མདོ་གྲོང་ཁྱེར་ཏུང་པོ་ཆང་གཉེར་ཀུང་སིའི་སྤྱི་གཉེར་ལོ་ཞི་ཁྲེན་གྱིས་ཁེ་ལས་ཀྱིས་སྣེ་ཁྲིད་བྱས་པ་བརྒྱུད། མུའུ་ཁྲི་1གི་ནས་འཕེལ་རྒྱས་གཏོང་བར་དཀའ་ངལ་མེད་ཅེས་བཤད་པ་རེད།