མཚོ་སྔོན་གྱི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཙོད་ཀྱི་ཁ་གྲངས་2057བར་དུ་འཕར་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-02


      མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་ཉེ་འཁོར་གྱི་གཙོད་ལ་དཔྱིད་དུས་ཀྱི་ཆེད་དོན་ཞིབ་བཤེར་བསྡོམས་རྩིས་བྱས་པ་ལས་མངོན་གསལ། མིག་སྔར། མཚོ་སྔོན་པོའི་ཉེ་འཁོར་དུ་འཚོ་བའི་གཙོད་ཀྱི་ཁ་གྲངས་ནི་2057བར་དུ་འཕར་ཡོད་པ་དང་། དེ་ནི་སྐོར་བསྐྱོད་ཞིབ་བཤེར་བྱས་པའི་ཟིན་ཐོ་བཀོད་པ་ནས་བཟུང་གྲངས་འབོར་ཆེས་མཐོ་བ་དེ་ཡིན་པ་རེད། ལོ་མང་རིང་སྲུང་སྐྱོང་བྱས་པ་བརྒྱུད། གཙོད་ཀྱི་ཁ་གྲངས་ནི་དུས་རབས་20པའི་ལོ་རབས་90སྐབས་ཀྱི་གྲངས་འབོར་300ལྷག་ཡོད་པ་ལས། ད་ལྟར་གྲངས་འབོར་2057བར་དུ་འཕར་ཡོད་པ་རེད། གཙོད་ཁྱུ་དང་ཁྱུ་བྱས་ཏེ་འཚོ་གནས་ཀྱི་གནས་7ནས་13བར་དུ་མང་དུ་ཕྱིན་ཡོད་པ་རེད།

     གཙོད་ནི་ཀྲུང་གོའི་རིམ་པ་དང་པོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཡིན་པ་དང་། སྔོན་ཆད་ལ་ཀྲུང་གོའི་ནུབ་བྱང་དང་། ཧྭ་པེ་ས་ཁུལ་དུ་འཚོ་གནས་བྱས་ཡོད་ཅིང་། དེ་ཡང་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ལས་འགུལ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གཙོད་ནི་སྟོངས་ལ་ཉེ་བར་ཆགས་པས། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་གྱིས"འཛམ་གླིང་རིམ་པའི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་སུ"བཀོད་པ་དང་། 《གོ་ལ་ཡོངས་ཀྱི་གཙོད་སྲུང་སྐྱོང་བྱ་འགུལ་འཆར་གཞི་》ཡི་ནང་དུ་མིང་ཐོག་མར་བཀོད་ཡོད་པའི་སྟོངས་ལ་ཉེ་བའི་གཙོད་དེ་ཡིན་པ་རེད། མིག་སྔར། མཚོ་སྔོན་པོའི་ཉེ་འཁོར་ས་ཁུལ་ནི་གཙོད་འཚོ་གནས་བྱེད་ས་གཅིག་པུ་དེ་ཡིན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1