འབའ་ལ་དཀར་འཛོམས་ཀྱི་སྐབས་གསུམ་པའི་རོལ་དབྱངས་དུས་ཆེན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-04


      ཟླ་5ཚེས་1ཉིན། འབའ་ལ་དཀར་འཛོམས་ཀྱི་སྐབས་གསུམ་པའི་རོལ་དབྱངས་དུས་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལ་དཀར་འཛོམས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་འགོ་ཚུགས་ཤིང་། སྐད་གྲགས་ཅན་གྱི་གླུ་བ་20ལྷག་གཅིག་རྗེས་གཉིས་མཐུད་དུ་གླུ་དབྱངས་ཕུལ་ནས། བོད་ཀྱི་རིག་གནས་དགའ་སྟོན་གཟབ་རྒྱས་ཤིག་སྟོན་པ་རེད།

     ཐེངས་འདིའི་རོལ་དབྱངས་དུས་ཆེན་ནི"འཆམ་མཐུན་གྱི་བདེ་ཆེན། མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ། ངོ་མཚར་ཆེ་བའི་འབའ་ལ་དཀར་འཛོམས"ཞེས་པ་བརྗོད་གཞི་བྱས་ནས། སྐད་གྲགས་ཅན་གྱི་གླུ་བ་ཐན་ཝེ་ཝེ། བཀྲ་ཤིས་ཕུན་ཚོགས། བཀྲ་ཤིས་དོན་འགྲུབ། བཀྲ་ཤིས་ཉི་མ་སོགས་ཀྱིས་གླུ་དབྱངས་ལེན་པ་དང་། གཟིགས་མོ་བ་ཁྲི་ལྷག་སྟོན་མོར་ལྟ་བར་སླེབས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1