ཕེན་ཆིང་ཧྭས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-08


        སྤྱི་ཟླ5པའི་ཚེས2ནས་ཚེས4ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེན་ཆིང་ཧྭ་རང་ཁུལ་དུ་ཕེབས་ནས་ཁུལ་དང་རྫོང་། གྲོང་ཁྱེར། ཡུལ་གྲོང་བཅས་རིམ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀར་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས་ཚུལ་དང་སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོ་བཅས་ཀྱི་བྱེད་སྒོ་སྤེལ་ཚུལ་གྱི་འབྲེལ་ཡོད་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། གྲོང་སྡེ་དང་དུད་ཚང་དུ་ཉེ་བར་བཅར་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དབུལ་ཐར་འགག་སྒྲོལ། ཁྲིམས་ལྟར་བཅོས་སྐྱོང་བཅས་ཀྱི་ལས་ཀ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། 
        ཕེན་ཆིང་ཧྭས་ནན་གསུང་གནང་དོན། དུས་རབས་གསར་པ་དང་གནས་བབ་གསར་པ། བླང་བྱ་གསར་པ་བཅས་དང་འཕྲད་དུས་དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་གཡོ་མེད་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀ་དང་ལྷག་པར་དུ་སི་ཁྲོན་བོད་ཁུལ་གྱི་ལས་ཀར་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་ཀ་ཁག་དོ་དན་སྒྲུབ་ཅིང་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏང་དགོས།
         ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་རྟོག་ཞིབ་ཁྲོད་དུ་ཞུགས། 
        ཕེན་ཆིང་ཧྭ་རང་ཁུལ་གྱི་ལྕགས་ཟམ་དང་། རྟའུ། བྲག་འགོ་རྫོང་བཅས་སུ་ཕེབས་ནས་གསར་བརྗེའི་རིག་གནས་ཐོན་ཁུངས་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས། མང་ཚོགས་ལས་ཞུགས་དང་ཡོང་འབབ་འཕར་བ། ཁ་གཏད་རོགས་སྐྱོར། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད།
        ཕེན་ཆིང་ཧྭས་ལྕགས་ཟམ་རྫོང་དུ་རྟོག་ཞིབ་གནང་དུས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཅིང་གསར་བརྗེའི་རྒྱུད་པ་འཛིན་དགོས་པ་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་བསམ་པའི་སྒུལ་ཤུགས་རྩ་ཆེན་འདོན་དགོས་པའི་ནན་གསུང་གནང་བ་རེད།
        ཕེན་ཆིང་ཧྭས་བྲག་འགོ་རྫོང་ཡར་སྡེ་ཡུལ་ཚོ་ལྕམ་བླ་གྲོང་སྡེར་རྟོག་ཞིབ་གནང་དུས། གྲོང་པ་ཚོས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་མི་བརྗེད་པར་དབུལ་ཐར་གྱི་ཡིད་ཆེས་དེ་བས་ཀྱང་བརྟན་པོ་བྱེད་ཅིང་། ཐོན་སྐྱེད་འཕེལ་རྒྱས་ཆེ་རུ་གཏོང་བ་དང་། ལག་རྩལ་སློབ་སྦྱོང་ཧུར་ཐག་བྱེད་པ། ལྷག་པར་དུ་བུ་ཕྲུག་ཚོའི་གསོ་སྐྱོང་སློབ་གསོ་ལ་མཐོང་ཆེན་བྱས་ཏེ་སློབ་ན་རན་པའི་བྱིས་པ་ཚང་མར་འོས་འགན་སློབ་གསོ་ཐེབས་སུ་བཅུག་ནས་དབུལ་ཕོངས་མི་རབས་ནས་མི་རབས་བརྒྱུད་པའི་སྣང་ཚུལ་སེམས་ཐག་གཙང་བཅད་ཀྱིས་བཀག་འགོག་བྱ་དགོས། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་མ་བསྐུལ་དང་བླངས་ཀྱི་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཤིང་། གྲོང་པས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དབུལ་རྩ་གཅོད་པ་དང་དབུལ་པོའི་ཞྭ་མོ་ཕུད་པར་སྐུལ་ཁྲིད་བྱས་ཏེ་སྔར་ཙམ་དབུལ་ཐར་ཕྱུག་འགྱུར་ཡོང་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་བྱ་དགོས་པའི་ཐུགས་རེ་གནང་བ་རེད།
        ཟླ་བ5པའི་ཚེས3ཉིན་གྱི་ཕྱི་དྲོར། ཕེན་ཆིང་ཧྭས་རྟའུ་རྫོང་དུ་བཞུགས་མོལ་ཚོགས་འདུ་གཙོ་འགན་བཞེས་ཤིང་དཀར་མཛེས་ཁུལ་གྱི་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་བ་རེད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཅིང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོ་བཅས་ཀྱི་བྱེད་སྒོ་དམ་འཛིན་ཧུར་ཐག་བྱེད་པ་དང་། བསམ་ཕྱོགས་གསལ་པོ་དང་ཁ་ཕྱོགས་གཏན་འཁེལ། བྱེད་ཐབས་འཐུས་ཚང་། འགན་འཁྲི་དོན་འཁྱོལ། མཐུན་རྐྱེན་ལེགས་འདོན། མི་འདང་ཆད་གསབ་བཅས་དེ་ལས་ཀྱང་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀ་དང་ལྷག་པར་དུ་སི་ཁྲོན་བོད་ཁུལ་གྱི་ལས་ཀར་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་པ་དཀར་མཛེས་ཁུལ་དུ་ལག་ལེན་དང་མཐར་ཕྱིན་དང་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་དགོས།
ཕེན་ཆིང་ཧྭས་བསྟན་དོན། བརྟན་བརླིང་སྲུང་སྐྱོང་རྒྱུན་འཁྱོངས་བྱ་རྒྱུ་མངོན་གསལ་གྱི་གོ་གནས་སུ་བཞག་སྟེ། ཁྲིམས་ལྟར་བཅོས་སྐྱོང་དང་མ་བསྐུལ་དང་བླངས་ཀྱིས་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་བཅོས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། གནད་དོན་སྣ་མང་གི་མི་མངོན་པའི་ཉེན་ཁ་སེལ་བ་དང་འགལ་བ་འདུམ་བ། སྔོན་འགོག་ཐག་གཅོད་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དྲ་བ་ཅན་གྱི་སྤྱི་ཚོགས་དོ་དམ་ཞབས་ཞུ་དོན་ཐོག་འཁྱོལ་བ་དང་། ཉེས་རྡུང་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་དོ་དན་སྤེལ་བ། ཁ་བྲལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དངོས་སུ་སྤེལ་བ་བཅས་བྱས་ཏེ་རྒྱུན་སྲིང་ཞིང་ཡུན་རིང་ལ་ཁྱོན་ཡོངས་ལྡན་པའི་བརྟན་བརླིང་གནས་བབ་ཅིག་ཆགས་པར་བྱ་དགོས།
        ཕེན་ཆིང་ཧྭས་དགོན་པ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་སྒྲེང་བ་དང་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་དགོན་པ་དོ་དམ་བྱེད་ཅིང་། དགོན་པ་རིགས་བགོས་ནས་ཚད་ལོན་རིམ་སྤར་དང་དཔལ་ཡོན་འཆམ་མཐུན་ལྡན་པའི་དགོན་པ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་བྱ་དགོས་པ་བསྟན་པས་མ་ཚད། རྒྱ་ཆེ་བའི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་དང་སྡོམ་ལྡན་ཁྲིམས་སྲུང་ཀྱི་སྲོལ་བཟང་མུ་མཐུད་དེ་དར་སྤེལ་གཏོང་བ་དང་། ཆོས་འཆད་ཉན་སྒོམ་སྒྲུབ་བྱ་དགོས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་སྐྱོང་ཞིང་བོད་ཁུལ་བརྟན་བརླིང་ཡོང་བའི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་ཧུར་ཐག་ཡང་བྱ་དགོས་ཤིང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་དགོས། མ་བསྐུལ་དང་བླངས་ཀྱིས་ཏང་ཨུ་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་དགོན་པ་དོ་དམ་གྱི་ལས་དོན་ཁག་ཁྲིམས་སྐྱོང་ཅན་གྱི་ལམ་བུར་བཙུད་ཅིང་། དྲང་ནུས་བརྒྱུད་བསྒྲགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་སྤེལ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པོར་ཡོང་བར་སྲུང་སྐྱོང་། བོད་ཁུལ་ཡུན་རིང་བདེ་འགོད་ཡོང་བར་བཅས་ཀྱི་ཆེད་དུ་བྱས་རྗེས་ཧུར་ཐག་གཞག་དགོས་ཞེས་ཐུགས་རེ་ཡང་གནང་བ་རེད།
        ཕེན་ཆིང་ཧྭས་བསྟན་དོན། དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་འཐོབ་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེས་ཆེ་བ་དང་དམངས་འཚོའི་ལས་གྲྭ་ཆེས་ཆེ་བ། འཕེལ་རྒྱས་ཀྱི་གོ་སྐབས་ཆེས་བཟང་བ་བཅས་བརྩིས་ནས་ལྟོ་གོས་གཉིས་ལ་སེམས་ཁྲལ་མི་དགོས་པ་དང་འོས་འགན་སློབ་གསོ་དང་། མ་མཐའི་སྨན་བཅོས། སྡོད་ཁང་ཉེན་མེད་བཅས་གསུམ་ལ་འགན་སྲུང་ཡོད་པའི་དམིགས་འབེན་ལ་དམིགས་ནས་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་དང་། དབུལ་ཐར་གྱི་ཚད་གཞི་རྒྱུན་འཁྱོངས། དབུལ་ཐར་གྱི་སྤུས་ཚད་མཐོར་འདེགས་བཅས་བྱས་ནས་སྡོད་ཁང་ཉེན་མེད་དང་སློབ་གསོ་སྨན་བཅོས། ཐོན་ལས་འཕེལ་རྒྱས། ལས་ཞུགས་ཡོང་འཕར་བཅས་ཀྱི་ལས་ཀ་ཁག་ཞིབ་ཕྲས་སྒྲུབ་པ་དང་། དམངས་འཚོ་ལས་གྲྭ་ཤུགས་ཆེན་སྤེལ་ཏེ་དུས་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པར་བྱ་དགོས།
        ཕེན་ཆིང་ཧྭས་བསྟན་དོན། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་ཏན་ཏིག་བྱ་དགོས་ཤིང་། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པ་རྒྱུན་འཁྱོངས། སྲུང་སྐྱོང་ཆེན་པོ་དམ་འཛིན་མཉམ་དུ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་འབྲོག་དོར་རྩྭ་གསོ། རྩྭ་ཐང་བཅོས་སྐྱོང་སོགས་སྐྱེ་ཁམས་ལས་གྲྭ་གཙོ་བོ་དམ་འཛིན་ཧུར་ཐག་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོར་བཟོ་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མགྱོགས་པོར་བྱེད་ཅིང་། གྲོང་ཡུལ་དར་རྒྱས་གཏོང་བའི་འཐབ་ཇུས་ཟབ་སྤེལ་བྱེད་པ། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་དང་ཁྱད་ཆོས་ལྡན་པའི་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྐྱེ་ཁམས་དམིགས་སུ་བཀར་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་མཐའ་གཅིག་ཏུ་བསྐྱོད་དེ་བོད་ཁུལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་གཏང་དགོས།
        ཕེན་ཆིང་ཧྭས་བསྟན་དོན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་ཅིང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུས་སྤྱི་འདོམས་བྱས་ཏེ། ཏང་གི་འཛུགས་སྐྱོང་ཁག་ལ་ཁྱོན་ཡོངས་ནས་ཤུགས་བརྒྱག་དགོས། ཏང་ཡོན་ལས་བྱེད་པ་ཚོས་འདུ་ཤེས་བཞི་དང་གདེང་ཚོད་བཞི་བློར་བརྟན་པོར་བཅང་བར་སྣེ་ཁྲིད་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོར་ཡོང་བའི་བློ་རྩ་བརྟན་པོར་བྱ་དགོས། རིམ་ཁག་གི་འགོ་ཁྲིད་ཚོགས་པ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་ཨང་དང་པོར་བཞག་ཅིང་། ཏང་ལ་བློ་སེམས་དཀར་བ་དང་ལངས་ཕྱོགས་བརྟན་པ། ལས་ཀ་སྒྲུབ་ཕོད་ཅིང་དོ་དམ་བྱེད་ཕོད་པའི་ལས་བྱེད་པ་བཟང་ཤོས་བདམ་ནས་བེད་སྤྱོད་བྱ་དགོས། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཁུལ་དུ་ཏང་གི་སྲིད་འཛིན་རྨང་གཞི་བརྟན་པོར་བཟོ་དགོས།
        ཕེན་ཆིང་ཧྭས་ནན་གསུང་གནང་དོན། བོད་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཕྱོགས་སོ་སོའི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྕི་བ་ཡིན་པ་རེད། རིམ་ཁག་གི་འགོ་ཁྲིད་ཚོགས་པ་དང་ཏང་ཡོན་ལས་བྱེད་པ་ཚོས་རང་འགན་ནན་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ། ངལ་བ་དང་ལེན། དཀའ་སེལ་འབད་འཐབ། བསམ་བློ་བཅིངས་འགྲོལ། ནུས་པ་ཆེར་སྐྱེད། དམ་པ་དོན་གཉེར། དཀའ་སྤྱད་སྙིང་རུས། མི་བརྒྱ་སེམས་གཅིག སྟོབས་ཤུགས་མཉམ་བསྒྲིལ་བཅས་བྱས་ཏེ་ཏང་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་བསྐྲུན་དགོས།
        ཐེན་ཞང་ལི་དང་རྡོ་རྗེ་རབ་བརྟན་རྟོག་ཞིབ་ཁྲོད་དུ་ཞུགས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1