ཟླ་5ཚེས་12ཉིན། བོད་ལྗོངས"ལྷ་མོ་འཁྲབ་སྟོན་དུས་ཚིགས"པོ་ཏ་ལའི་འདབ་རྫོང་རྒྱབ་ཀླུ་ཁང་དུ་ཐེངས་དང་པོའི་འཁྲབ་སྟོན་བྱས་པ་ནས་འགོ་ཚུགས་ཡོད་པ་རེད། ད་ལོའི་ཟླ་5པའི་ཚེས་12ཉིན་ནས་ཟླ་8པའི་ཟླ་མཇུག་བར་དུ་འཁྲབ་སྟོན་བྱ་རྒྱུ་དང་། གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན་གོང་བོ་ལ་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། དམངས་ཁྲོད་ཀྱི་འཁྲབ་སྟོན་པ་450ལྷག་ཞུགས་ཡོད་པ་རེད།