རྐུབ་སྟེགས་ཐོག་ཡུན་རིང་པོ་བསྡད་པ་དང་། མོ་ཊ་རྒྱུན་རིང་པོ་བཏང་བ། གློག་ཀླད་དུས་ཚོད་རིང་པོ་བརྩེས་པ་ལས་དཔུང་པ་དང་མཇིང་པར་ན་ཟུག་སྐྱུར་མོ་ཞིག་གཏོང་བ་མ་ཟད། སྐབས་འགར་ལག་པ་འགྱོགས་དཀའ་བའི་སྣང་ཚུལ་ཐོན་གྱི་ཡོད། གནས་ཚུལ་འདི་ལྟ་བུར་ཁྱེད་ཀྱིས་སྣང་ཆུང་གཏན་ནས་བྱ་མི་རུང་། གང་ལགས་ཤེ་ན། ང་ཚོའི་གཟུགས་པོ་བདེ་པོ་མེད་ཚེ་དང་ཐོག་དཔུང་པས་ཁྱེད་ལ་ཉེན་བརྡ་གཏོང་གི་ཡོད། ཕྱིས་སུ་ཁྱེད་ཀྱི་མཇིང་ཚིགས་དང་། སྒལ་རུས། ཀླད་པར་ཁྲག་མི་འདང་བ་སོགས་ཀྱི་ནད་རིགས་མི་ཐོན་པ་བྱེད་དགོས་ན་གཤམ་གསལ་ལ་ལན་གཅིག་གཟིགས་དང་།
དང་པོ། ལག་པ་བརྐྱངས་ནས་ལྟག་ཁུང་ལ་རེག་པ།
གཉིས་པ། ལག་པ་གཅིག་འདྲོང་པོར་རྐྱོང་བ།
གསུམ་པ། ལག་པ་སྒལ་པར་རེག་པ།
གལ་སྲིད་གོང་གསལ་གྱི་འགུལ་སྐྱོད་བྱེད་སྟངས་གསུམ་པོ་ཁག་ཙམ་འདུག་ན། ཁྱེད་ཀྱི་དཔུང་པ་དང་མཇིང་པར་ན་ཚ་སླེབས་པ་ཐག་གིས་ཆོད། དེར་བརྟེན། གཟའ་འཁོར་གཅིག་རིང་ཨ་ཅོར་ཚ་པོ་དང་ཀོ་ཡོལ་སྦྱོར་བ་སོགས་ཀྱིས་མ་ཕན་ཚེ། ངེས་པར་དུ་སྨན་པ་བསྟེན་པར་འགྲོ་དགོས།