མངའ་རིས་ས་ཁུལ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4500ཡོད་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི་75ཡས་མས་ཡིན་ཞིང་། དབྱང་རླུང་ནི་ནང་སའི་50%ལས་ཟིན་གྱི་མེད་པ་དེར་གསོ་རིག་ལས་མིའི་རིགས་འཚོ་གནས་དཀའ་བའི་ཁུལ་ཞེས་ཐུན་མོང་ཐོག་ངོས་འཛིན་བྱེད་ཀྱི་ཡོད། མང་ཚོགས་ཀྱིས། མངའ་རིས་སུ་ལོ་གཅིག་ལ་དུས་གཉིས་ལས་མེད་ཅེས་བསྟན་བཤིག་སློང་བ་སྟེ། དགུན་ཁ་དང་དགུན་ཁ་ཡོལ་ཙམ་དེ་ཡིན་པ་རེད། གྲང་ངར་ཆེ་ཞིང་དབྱང་རླུང་ཉུང་བའི་ཁོར་ཡུག་ཏུ་རྩི་ཤིང་མང་པོ་འཚོ་གནས་དཀའ་བ་དང་། སྔོ་ཚལ་དང་ཤིང་འབྲས་ནི་དེ་བས་བསམ་ཡུལ་ལས་འདས་པ་ཞིག་རེད།
གནད་དོན་དེར་གཞིགས་ནས། སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་ཙམ་བཏང་ནས། སྔོ་ཚལ་འདེབས་འཛུགས་དང་། ཚོད་ལྟ་དཔེ་སྟོན། ཚན་རྩལ་གསོ་སྐྱོང་། འདེབས་གསོ་འཁོར་རྒྱུག་སོགས་ཀྱི་ནུས་པ་ལྡན་པའི་དེང་རབས་ཀྱི་སྒྲིག་ཆས་གཅིག་འདུས་ཀྱི་ཞིང་ལས་གླིང་ཁུལ་ཞིག་བསྐྲུན་པ་རེད། ཐོན་ལས་ཁུལ་དུ་རྒྱལ་ནང་ནས་སྔོན་ཐོན་གྱི་སྒྲིག་ཆས་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ་12ཡོད་པའི་དྲོད་ཁང་ཞིག་སྐྲུན་རྗེས། མཐའ་མཇུག་ཏུ་སྤུས་ཚད་མཐོ་ཞིང་ཐོན་འབོར་མང་བའི་སྔོ་ཚལ་དང་དང་ཤིང་འབྲས་འདེབས་གསོ་ཐུབ་པ་རེད།