སྤྱི་ཟླ་8པའི་ཚེས་22ཉིན་ནི་བློ་མཐུན་ཏེན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་འཁོར་110འཁོར་བའི་རྗེས་དྲན་ཉིན་མོ་ཡིན་པས། ང་ཚོས་ཡང་བསྐྱར། ཏེན་ཞའོ་ཕིང་ཁྱེད་རང་སྐུ་ཁམས་བཟང་ཞེས་ཐེངས་ཤིག་བོས་ན་འདོད།
བློ་མཐུན་ཏེན་ཞའོ་ཕིང་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངོས་འཛིན་གཅིག་མཐུན་ཡོད་པའི་སྔོན་ཐོན་དབུ་ཁྲིད་ཡིན་ལ། ཁོང་ནི་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ་དང་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་མཁན་བཅས་ཡིན་པ་མ་ཟད། དཔའ་ངར་ཞུམ་མེད་ཀྱི་གུང་ཁྲན་ཏང་ཡོན་གྱི་འཐབ་མོ་བ་དང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་བུའི་གསར་གཏོད་མཁན། ཏེན་ཞའོ་ཕིང་གི་རིག་པའི་གཞུང་ལུགས་ཀྱི་གསར་བཞེངས་གནང་མཁན་བཅས་ཡིན།