མཚོ་སྔོན་ཡུལ་ཤུལ་ཁྲི་འདུ་རྫོང་ནས་བྲག་བརྐོས་རི་མོ་ཁག་མང་པོ་ཞིག་རྙེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-17


      ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣས་རྫོང་ཁོངས་ཀྱི་ས་ཆ་མི་འདྲ་བ་ནས་བྲག་བརྐོས་རི་མོ་ཁག་བརྒྱ་ལྷག་གསར་དུ་རྙེད་པ་རེད། ནང་དོན་མི་འདྲ་བའི་བྲག་བརྐོས་རི་མོ་དེ་དག་གད་པའི་མཐའ་རུ་ཡོད་པའི་བྲག་རྡོ་ཐོག་ཡོད་པ་རེད། རི་མོའི་ནང་ཤྭ་བ་དང་ནོར་སོགས་ཀྱི་སྲོག་ཆགས་ཀྱི་གཟུགས་བརྙན་དང་། དེ་བཞིན་མི་དང་མཚོན་རྟགས་སོགས་གསལ་ཐིང་ཐིང་མཐོང་རྒྱུ་ཡོད་པ་རེད། 

     ཀྲུང་གོའི་བྲག་བརྐོས་རི་མོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་མི་དམངས་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་དགེ་རྒན་ཆེ་མོ་ཝུའུ་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བྲག་བརྐོས་རི་མོ་འདི་རིགས་ཀྱི་དུས་ཚོད་ནི་བར་བརྒལ་ཆེ་ཞིང་། ལ་ལ་ནི་ད་ལྟ་ནས་ཕར་རྩིས་ན་ལོ་ངོ་སྟོང་ཕྲག་གཉིས་ཡས་མས་ཀྱི་སྔོན་དུ་ཡིན་པ་དེ་རང་རྒྱལ་གྱི་འབྲི་ཆུའི་ཆུ་རྒྱུད་ཀྱི་མེས་པོ་ཚོས་བཞག་པའི་རྩ་ཆེན་གྱི་རིག་གནས་རྗེས་ཤུལ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1