བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་སྐབས་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-21


      ཟླ་5ཚེས་17ཉིན། སྐབས་བཞི་པའི་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་སྐབས་བཞི་པའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་པེ་ཅིན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས་ཤིང་། ཀྲུང་རེན་འཇམ་དབྱངས་བཞད་པ་བློ་བཟང་འཇིག་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་ཀྱང་གནང་བ་རེད།  ཀྲུང་རེན་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་《བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་སྐབས་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ལས་དོན་སྙན་སྒྲོན་》གནང་ནས། མཛུབ་ཁྲིད་ཨུ་ལྷན་གྱི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱི་དྲན་དང་འབྱུང་འགྱུར་ལོ་ལྔའི་རིང་གི་ལས་དོན་ལ་གྲོས་འགོ་བཏོན་པ་རེད། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགན་ཁུར་གཙོ་གཞོན་རྣམ་ལྷ་བཀྲ་ཤིས་ཀྱིས་《བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་རིམ་གསུམ་ཡོན་གནས་སློབ་གཞིའི་རྩོམ་སྒྲིག་ལས་དོན་གནས་ཚུལ་གྱི་ཕྱོགས་བསྡོམས་སྙན་ཞུ་》གནང་ཏེ། ཉེ་བའི་ལོ་འགའི་ནང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ངོ་སྤྲད་ཞིབ་ཕྲ་གནང་བ་དང་། ལས་དོན་སྤེལ་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་དང་མི་འདང་སར་དབྱེ་ཞིབ་གནང་བ་མ་ཟད། སྤྱི་པའི་སློབ་ཚན་གྱི་སློབ་གཞི་དང་ཆེད་ལས་སློབ་ཚན་གྱི་སློབ་གཞི། དེ་བཞིན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་ཕྱོགས་སོགས་ཐད་ལས་ཀའི་འཆར་གཞི་བཏོན་གནང་བ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1