༄༅།། འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད།
རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-21
ཉིན་ཤས་གོང《རྒྱལ་ཁབ་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཇུས་གཞིའི》འབྲེལ་ཡོད་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་གྲོང་ཁྱེར(ས་ཁུལ)ཁག་སྒྲིག་འཛུགས་བྱས་ཏེ་ས་ངོས་ཆུ་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་འདུག
རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་དང་ཆུ་བེད་ཐིང་གིས་ལྟ་བཤེར་ཚོགས་ཆུང་འབྲེལ་ཡོད་གྲོང་ཁྱེར(ས་ཁུལ)དུ་མངགས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་ལྟ་སྐུལ་དང་གྲོང་ཁྱེར(ས་ཁུལ)གྱིས་བཅོས་སྒྲིག་ཇུས་གཞི་ལྟར་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་གནད་དོན་གཙང་སེལ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་བྱས་ཏེ་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་རང་རྒྱལ་གྱིས་གཏན་འབེབས་བྱས་པའི་དུས་བཀག་ནང་རང་ལྗོངས་ཀྱི་ས་ངོས་ཆུ་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་བཅོས་སྒྲིག་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་འདུག