ཨའེ་ལོ་ལའི་བྲག་ཕུག་དེ་རྒྱ་གར་གྱི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེའི་ཨའོ་ལན་ཅ་པ་ཏེ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་གནས་ཡོད་པ་དང་མཐོ་སྒང་གཡང་གཟར་གྱི་ཞོན་ཝུའུ་བྲག་ཕུག་ཐོག་བྲག་ཁུང་ཆོས་སྡེ་34སྔོག་ཡོད་པ་དང་ཆོས་སྡེ་ཚང་མ་མཉམ་གཤིབ་ཡིན་པས་སྨི་2000ལྷག་ཙམ་སྣུར་སྲིང་བྱས་ཡོད་པ་རེད། ཉར་ཚགས་ཆ་ཚང་བ་དང་གོ་རིམ་ལྡན་པའི་རྗེས་ཤུལ་དེ་སྤྱི་ལོ་600ལོ་ནས་1000ལོ་བར་གྱི་ལོ་རྒྱུས་ཁུངས་འདེད་བྱེད་ཆོག་ཅིང་། དེ་དག་གིས་གསོན་ཉམས་ལྡན་པའི་སྒོ་ནས་གནའ་བོའི་རྒྱ་གར་གྱི་ཤེས་དཔལ་སླར་ཡང་མཚོན་པར་བྱས་ཡོད།
ཨའེ་ལོ་ལ་བྲག་ཕུག་དེ་དག་གི་སྒྱུ་རྩལ་གྱི་བཟོ་དབྱིབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་ལག་རྩལ་ཆུ་ཚད་མཐོ་བ་མ་ཟད། ད་དུང་ནང་བསྟན་ཆོས་ལུགས་དང་། བྲམ་ཟེ། གཅེར་བུ་བ་བཅས་ཀྱི་ཆོས་ཁང་ཡིན་པའི་ངོས་ནས་དེ་དག་ནི་གནའ་རབས་རྒྱ་གར་གྱི་བཟོད་བསྲན་དང་བག་ཕེབས་ཀྱི་ཁྱད་ཆོས་ལྡན་པའི་བསམ་པའི་མཚོན་ཚུན་ཞིག་ཡིན་པ་རེད།
1983ལོར་ཨའེ་ལོ་ལ་བྲག་ཕུག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་རིག་གནས་ཤུལ་བཞག་ནང་བཅུག་པ།
འདི་ནི་ཡུལ་སྐོར་བས་རྒྱ་གར་གྱི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེའི་ཨའོ་ལན་ཅ་པ་ཏེ་གྲོང་ཁྱེར་ཉེ་འགྲམ་གྱི་ཨའེ་ལོ་ལ་བྲག་ཕུག་ཏུ་གཅེར་བུ་བའི་བྲག་ཕུག་ཆོས་ཁང་ལ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།
འདི་ནི་ཡུལ་སྐོར་བས་གཅེར་བུ་བའི་བྲག་ཕུག་ལྷ་ཁང་ལ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།
འདི་ནི་ཡུལ་སྐོར་བས་རྒྱ་གར་གྱི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེ་ཨའོ་ལན་ཅ་པ་ཏེ་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཡོད་པའི་ཨེ་ལུའོ་ལ་བྲག་ཕུག་ལ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།