ཁམས་ཁོར་ཡུག་ཡག་པོ་ནི་ཀུན་ཕན་གྱི་དམངས་འཚོ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-23



        ས་གནས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་གྲོས་བསྡུར་ཚ་ཚ་འུར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་། འབྱུང་འཕྲོད་གོང་འཕེལ་གྱི་འགྲོ་ལམ་གསར་པའི་ཐོག་བསྐྱོད་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ་གཏོད་རྒྱུའི་རྣམ་པ་བསྟན།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་སྐབས། འབྱུང་ཁམས་ཁོར་ཡུག་ལེགས་པོ་ཞིག་ཡོད་པ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཡིན་པས། འབྱུང་ཁམས་ཀྱིས་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། འབྱུང་ཁམས་ཀྱིས་དམངས་ལ་ཕན་བདེ་སྐྲུན་པ། འབྱུང་ཁམས་ཀྱིས་དམངས་ལ་ཞབས་འདེགས་ཞུ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། རང་ཉིད་ཀྱི་མིག་འབྲས་སྲུང་བ་བཞིན་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་ནང་བཞིན་འབྱུང་ཁམས་ཁོར་ཡུག་ལ་གཅེས་འཛིན་བྱས་ནས། རང་བྱུང་འབྱུང་ཁམས་ཀྱི་མཛེས་སྡུག་ནམ་ཡང་མི་ཡུལ་དུ་གནས་པ་དང་། རང་བྱུང་ཁམས་ཀྱི་ལྷིང་འཇམ་དང་། འཆམ་མཐུན། མཛེས་སྡུག་བཅས་མི་ཉམས་པ་བྱེད་རྒྱུའི་རྣམ་པ་བསྟན་ཡོད་པ་རེད། གཤམ་ལ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཕན་དབྱི་ནས་སྤེལ་བའི་གནས་ཚུལ་ཞིག་གསན་རོགས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྱུང་ཁམས་ཁོར་ཡུག་གི་མངོན་གསལ་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་དམངས་འཚོའི་སྔོན་ཐོབ་ཁྱབ་ཁོངས་སུ་བརྩིས་བ་དང་། གནམ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་རྒྱལ་ཁབ་ཕུ་ཐག་ཆོད་པ་ཐོབ་པ་བྱེད་རྒྱུ་ནི་གལ་ཆེའི་ནང་གི་གལ་ཆེན་དུ་བརྩིས་ནས། མང་ཚོགས་ལ་གནམ་སྔོན་པོ་དང་སྤྲིན་དཀར་པོ། ཁྲ་ཁྱིལ་གྱི་སྐར་ཚོགས་མཐོང་རྒྱུ་ཡོད་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཐན་ཅིན་དུ། ཉེ་བའི་ལོ་ཤས་ནང་མཁའ་རླུང་སྤུས་ཚད་ཡག་ཏུ་ཕྱིན་ཡོད་པ་མང་ཚོགས་མི་ཉུང་བ་ཞིག་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད།
        ཐན་ཅིན་གྱི་གྲོང་མི་ཞིག་གིས། ཁྱིམ་ནང་གི་མཁའ་རླུང་དྭངས་བསྒྱུར་འཕྲུལ་ཆས་དང་ཁ་རས་སོགས་བེད་སྤྱོད་མི་འདུག ངས་རྣམ་པ་འདི་ལྟ་བུ་མུ་མཐུད་རྒྱུན་འཁྱོངས་ཡོང་བ་མ་ཟད། ལོ་རེ་ལས་ལོ་རེ་བཞིན་ཡག་ཏུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་འདུག
        ཡང་གྲོང་མི་གཞན་ཞིག་གིས། ང་ཚོས་མཁའ་རླུང་སྤུས་ལེགས་དེ་རྒྱུན་རྣམ་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་འདྲ་དགོས་ན་ང་ཚོ་མི་མང་པོས་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་བཤད་འདུག
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བཙོག་ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཐུང་ཆུའི་བདེ་འཇགས་འགན་ལེན་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཞི་རྩའི་ཆ་ནས་མེད་པ་བཟོས་ནས། མང་ཚོགས་ལ་ཆུ་དྭངས་ཤིང་སྔོ་ལྗང་ལྡན་པའི་ཆུ་ཁ་དང་། ཆུ་ནང་ཉ་མོ་འཁྱུག་པའི་རྣམ་པ་མཐོང་རྒྱུ་ཡོད་པ་བྱེད་དགོས་ཞེས་གསུངས་གནང་ཡོད། ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གྲོང་སྲིད་སྤྱི་པའི་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཧུང་ལེང་གིས།
        བཙོག་ཆུ་དྲི་ཅན་གྱི་འབྱུང་རྩ་ནི་ཆུ་འགྲམ་དང་མཚོ་འགྲམ་ཡིན་པ་དང་། ང་ཚོ་གྲོང་ཁྱེར་གྱི་དོ་དམ་དྲ་བ་དང་། འབུད་ཆུ་མ་ལག་དང་འབྲེལ་བ་ཡོད། དེར་བརྟེན་ང་ཚོས་ཆུ་འབུད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས། གྲོང་ཁུལ་གྱི་དོ་དམ་དྲ་བ་འཐུས་ཚང་གཏོང་བ་དང་། རྩ་བའི་ཐོག་ནས་བཙོག་ཆུ་དྲི་ཅན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ཁ་ཞེ་གཉིས་མེད་ཀྱིས་བཤད་འདུག
        ཡུན་ནན་ཏ་ལི་གྲོང་ཁྱེར་ཨར་ཧའེ་མཚེའུ་སྲུང་སྐྱོང་དོ་དམ་ཅུས་ཁྲིམས་ལུགས་དྲིལ་བསྒྲགས་ཁོའོ་ཡི་འགོ་འཛིན་ཀྲའོ་ཡུས་ཧྥུང་གིས།
        ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྱུང་ཁམས་ཁོར་ཡུག་དགོངས་པ་སེམས་ལ་བརྟན་པོར་ངེས་ནས། བཙོག་ཆུ་ཐིག་པ་གཅིག་ཀྱང་ཨར་ཧའེ་མཚེའུའི་ནང་མི་ཤོར་བ་བྱེད་ཀྱི་ཡིན་ཞེས་བཤད་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལམ་ལུགས་ནན་ཤོས་དང་ཁྲིམས་ལུགས་དམ་ཤོས་ཀྱི་ཐོག་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། ལམ་ལུགས་གསར་གཏོད་ཇེ་མགྱོགས་སུ་གཏོང་བ་དང་། ལམ་ལུགས་ལག་བསྟར་ཤུགས་ཆེར་བཏང་ནས། ལམ་ལུགས་དེ་འགྱུར་བ་མེད་པའི་བཀག་རྒྱ་དང་ཐུག་རེག་བྱེད་མི་ཆོག་པའི་མཐོ་གནོན་གློག་སྐུད་ལྟ་བུར་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད། ཅང་སུའུ་སུའུ་ཀྲོའུ་གྲོང་ཁྱེར་ཝུ་ཅང་ཆུས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་འགོ་འཛིན་ཚའེ་ཅན་ཀྲུང་གིས། ཡོངས་གྲགས་དང་། དྲང་གཞག དྲང་སྙོམས་དང་། བཟོད་སྒོམ་སྤུ་ཙམ་མི་བྱེད་པའི་རྣམ་འགྱུར་ཐོག་ནས། པར་འདེབས་ཚོས་རྒྱག་དང་། གློག་རྩི་གཏོང་བ། བྱུག་འཐག་ལས་རིགས་སོགས་སྦགས་བཙོག་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་དམིགས་ནས། ཁྲིམས་འཛིན་དྲ་མིག་དོ་དམ་གྱི་ཕན་ནུས་དངོས་ཆེ་རུ་གཏོང་བ་དང་། སྤྱི་བདེ་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་ཁྲིམས་འཛིན་སྡེ་ཁག་དང་གཞོགས་འདེགས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས། གྱོད་གཞི་ཡོད་ཚེ་ངེས་པར་རྩིས་སྤྲོད་བྱེད་པ་དང་། རྩིས་སྤྲོད་བྱས་ཚེ་ངེས་པར་བརྟག་དཔྱད་བྱས་ནས་ཁྲིམས་འཛིན་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས་ཞེས་གསུངས་འདུག
        སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ནི། དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། དཀའ་གནད་ཆེ་བ་བཅས་ཡིན་པ་དང་། དཀའ་ངལ་འཛེམས་མེད་ཀྱིས་ལས་ཀ་བྱེད་དགོས་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲེལ་ཡོད་སྡེ་ཁག་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས། སྡེ་ཁག་ཁག་ཏུ་ལས་ཀ་བྱེད་པའི་འགན་འཁྲི་ཡོད་པ་དང་། འགན་བབ་ཁུར་བཟོད་ཡོད་པ། ལས་བགོས་རོགས་ལས། ནུས་ཤུགས་མཉམ་འདོན་བཅས་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཧྲན་ཏུང་ཙེ་པོ་ཀྲང་ཏན་ཁུལ་ནན་ཏིང་གྲོང་བརྡལ་ནི་བཟོ་གཏེར་ཁུལ་རྙིང་པ་ཞིག་ཡིན་པས། ཁོར་ཡུག་སྲུང་སྐྱོང་གི་གནོན་ཤུགས་ཆེན་པོ་ཡོད་པ་རེད། ས་གནས་དེ་གས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཁོར་ཡུག་སྲུང་སྐྱོང་པའི་དཔེ་དབྱིབས་བཟོས་ཏེ། སྲུང་སྐྱོང་པ་དགུ་ཁེ་ལས་དང་། སྡེ་ཁུལ། གྲོང་ཚོ་བཅས་ཡོངས་སུ་ཁྱབ་པ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་ཆེས་གཞི་རིམ་དུ་སླེབས་པ་བྱས་ཡོད་པ་རེད། སྲུང་སྐྱོང་པ་ལི་ཧའེ་ཀང་གིས།
        ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་བླང་བྱ་ལྟར། ཆེས་གཞི་རིམ་གྱི་ཁོར་ཡུག་སྲུང་སྐྱོབ་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་ཀར་དམ་པོར་གཞིགས་པ། གོང་རིམ་གྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས། གནམ་དེ་བས་སྔོ་བ་དང་། ཆུ་དེ་བས་གཙང་བ། མང་ཚོགས་དེ་བས་བློ་ཡིད་ཚིམ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྱུང་འཕྲོད་གོང་འཕེལ་ནི་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། སྦགས་བཙོག་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ཇུས་ཞིག་ཀྱང་ཡིན་ཞེས་བསྟན་གནང་ཡོད། ནང་སོག་ནི་གལ་ཆེའི་བཟོ་ལས་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། པའོ་དའུ་གྲོང་ཁྱེར་གྱི་གྲོང་སྤྱི་ཀྲའོ་ཅང་ཐའོ་ལ་ཐུགས་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། དེང་དུས་ཀྱི་སྔོན་ཐོན་ཁོར་ཡུག་སྲུང་སྐྱོབ་ལག་རྩལ་བེད་སྤྱད་ནས། ཁེ་ལས་ཀྱི་སྦགས་བཙོག་འབུད་བཤངས་ཀྱི་བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ་དང་། ངར་ལྕགས་དང་ཧ་ཡང་ལས་རིགས་སོགས་སྲོལ་རྒྱུན་གྱི་རྗེས་ལུས་ཡིན་པའི་བཟོ་རྩལ་དོར་དགོས། ད་ལོ། ཁེ་ལས་རེ་རེ་དང་ལས་རིགས་རེ་རེ་ཚང་མས་བཟོ་གྲྭ་རེ་ལ་འཆར་བཀོད་རེ་བཟོས་ཏེ་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་སོགས་ཀྱི་ཐད་འཆར་གཞི་དང་ལག་རྩལ་གྱི་ཇུས་གཞི་འདོན་དགོས་ཞེས་གསུངས་ཡོད་པ་རེད།
        ཧྲན་ཤི་ཡང་གྲེང་རྫོང་ནི་རྒྱལ་ཡོངས་ཀྱི་རྡོ་སོལ་ཐོན་ཡུལ་རྫོང་གཙོ་བོ་ཞིག་ཡིན་པ་དང་། ཉེ་བའི་ལོའི་རིང་། རི་སྟེང་ནས་བཅོས་སྒྲིག་དང་། ཉེ་འཁོར་ནས་ལྗང་འགྱུར། ཐོན་ལས་དམངས་ཕྱུག་ཞེས་པའི་ལས་གྲྭ་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སོགས་ནགས་ལས་སྐྱེ་ཁམས་འཛུགས་སྐྱོང་ལས་དོན་ཐད་རྒྱུན་མཐུད་སྐུལ་འདེད་བཏང་ཡོད་པ་རེད། ཡང་གྲེང་རྫོང་ཡོས་ཀྲོང་གྲོང་ཚོའི་གྲོང་མི་ཀྲང་ཞའོ་ཝེན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་དངུལ་ཡིན་ཞེས་གསུངས་པ་ནང་བཞིན། ང་ཚོ་ཡོས་ཀྲོང་གྲོང་ཚོས་ལོ་བཅུ་གྲངས་སོང་ནའང་ད་དུང་འབྱུང་འཁྲོད་ལྗང་འགྱུར་གྱི་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ད་ཆ་གྲོང་ཚོ་ཁྱོན་ཡོངས་ལྗང་ཐིང་ངེར་གནས་ཡོད། འདི་འདྲའི་ཁོར་ཡུག་ནང་འཚོ་བ་སྐྱེལ་སྐབས། ང་ཚོའི་སེམས་པ་བགས་ཕེབས་དང་། བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་འདུག་ཅེས་བཤད་ཡོད་པ་རེད།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1