ས་གནས་དེ་གའི་དུས་ཚོད་2018ལོའི་ཟླ་5ཚེས་21ཉིན། ཁོ་རེ་ཡ་ལྷོ་མའི་རེན་ཁྲོན་གྲུ་ཁ་ཨང་དང་པོར་ཁྲི་ལྔ་རིམ་པའི་དོད་སྐྱེལ་གྲུ་གཟིངས་ཤིག་ལ་མེ་སྐྱོན་བྱུང་བ་དང་། མེ་གསོད་ཚན་པས་གནས་ཚུལ་ཐོན་ཡུལ་དུ་ཛ་དྲག་རོགས་སྐྱོབ་བྱེད་པར་བསྐྱོད་པ་དང་། ད་དུང་ཐད་འཕུར་གནམ་གྲུ་མེ་གསོད་པར་བཏང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དོད་སྐྱེལ་གྲུ་གཟིངས་ནང་ལི་པི་ཡར་དབོར་བའི་རླངས་འཁོར་200ལྷག་ཙམ་བླུགས་ཡོད་པ་རེད།