དབུལ་ཕོངས་ཀྱི་རྩ་བ་རྩད་ནས་བཅད་དེ་མི་སེར་ལ་དྲོད་ཁོལ་སྐྱེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-23


        

        མཛོད་དགེ་རྫོང་གི་འབྲིང་བ་ཡུལ་ཚོའི་ཤར་སྡེ་སྡེ་བ་རུ་གསོན་ཤུགས་ལྡན་པའི་ཞིང་སྡེ་གསར་བའི་ཡུལ་ལྗོངས་ཀྱིས་ང་ཚོའི་མིག་དབང་ཅིག་ཅར་དུ་འཕྲོག་ད་སྐབས་ཀྱི་ཤར་སྡེ་སྡེ་བ་ནི་སྔོན་ཆད་ཀྱི་འགྲིམ་འགྲུལ་སྟབས་མི་བདེ་ཞིང་དབུལ་ཕོངས་ཀྱི་ཡུལ་སྡེ་ཞིག་ནས་རྨང་གཞིའི་འཛུགས་སྐྲུན་ལེགས་ཤིང་སྤྱི་དམངས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཡོད་པའི་ཞིང་སྡེ་གསར་པ་ཞིག་ཏུ་གྱུར་ཡོད།

        འབྲིང་བ་ཡུལ་ཚོའི་ཤར་སྡེ་སྡེ་བ་ནི་མཛོད་དགེ་རྫོང་གི་ཆེས་ལྷོ་ཕྱོགས་སུ་ཡོད་ཅིང་ཡུལ་ཚོ་ཡོངས་ལ་རང་བྱུང་སྡེ་བ་4དང་ཁྱིམ་ཚང་111ཡོད་ལ་མི་གྲངས་780ཡོད། དེར་ཚགས་འགོད་བྱང་འཛུགས་དབུལ་ཕོངས་ཁྱིམ་ཚང་36ཡོད་ལ་མི་གྲངས་220ཡོད། དེ་དག་ཚང་མ་རོང་མ་འབྲོག་གི་ཁོངས་སུ་གཏོགས་པ་རེད། སྔར་ལས་དབུལ་ཕོངས་ཁྱིམ་ཚང་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཆེད་ལིས་ལན་ཏ་ཡིས་ཞིབ་ཕྲའི་སྒོ་ནས་སྤྱི་དམངས་རེའི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་བ་མ་ཟད། སྔོན་ཐོན་གྱི་དབུལ་ཐར་བྱེད་ཐབས་ལག་བསྟར་གང་ལེགས་བྱས་ནས་རྒྱ་ཆེ་བའི་མང་ཚོགས་རྣམས་ལ་ནུས་ཤུགས་ཡོད་དགུས་འཕེལ་རྒྱས་ཀྱི་ཉམས་མྱོང་རྟོགས་སུ་བཅུག་ནས་ཐོན་ལས་སྒྲིག་གཞི་ཇེ་ལེགས་དང་སྤྱི་དམངས་ཀྱི་ཤེས་རྟོགས་ཇེ་མཐོར་གཏོང་དགོས་བ་ནན་གྱིས་བསྟན།

    དབུལ་ཕོངས་གནད་སྒྲོལ་བྱེད་པ་ནི་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་ཇེ་བཟང་དུ་གཏོང་བ་མ་ཟད་དབུལ་ཕོངས་ལས་ཀ་བསྒྲུབ་པའི་ལས་བྱེད་པའི་དམིགས་འབེན་དང་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་མ་ཟད།ཕྱོགས་གཞན་གཅིག་ནས་བཤད་ན་དེ་ནི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་འབྱུང་བའི་སྔ་ལྟས་ཞིག་ཀྱང་ཡིན་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1