ཉེ་ལམ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་འགན་བསྒྲུབ་བྱས་ཞིང་། དཀར་མཛེས་ཁུལ་ལུས་རྩལ་ལྟེ་གནས་དང་དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱིས་རོགས་སྒྲུབ་བྱས་པའི་2018ལོའི་སྐབས་དགུ་པའི་འཕགས་མོ་རིའི་རི་འཛེག་བྱེད་སྒོ་དར་མདོར་སྤེལ། ཐེངས་འདིའི་བྱེད་སྒོར་སློབ་མའི་ཚན་ཆུང་དང་དར་མའི་ཚན་ཆུང་། སློབ་ཆེན་དང་ཆེད་སྦྱོང་གི་ཚན་ཆུང་། བདེ་སྲུང་མེ་ཟོན་ཚན་ཆུང་། རྒྱལ་སྤྱིའི་ཚན་ཆུང་སོགས་ཚན་ཆུང་དྲུག་གིས་གྲུབ་པ་ཡོད་པ་རེད།
ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་འཕགས་མོ་རིའི་རྒྱལ་སྤྱིའི་མིང་གྲགས་ལ་བརྟེན་ནས་ཕྱི་ཕྱོགས་ལ་དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་འགྲེམ་སྟོན་དང་ལུས་རྩལ་ལས་རིགས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་བྱེད་པར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་མཐོར་འདེགས་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་དེའོ།།