དབུལ་པོ་དང་བྲལ་ཉེར་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-28



—— སི་ཁྲོན་ལེང་ཧྲན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ།
 
     ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དེ་ཐོན་ལས་ཨང་དང་པོར་གྱུར་པ།
     འདས་མ་ཐག་པའི“ལྔ་གཅིག”ངལ་གསོའི་རིང་། སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡིས་རྒྱུན་ཆད་རྒྱུ་མེད་པའི“ཁྲོན་Aདཔུང་ཆེན”སླར་ཡང་བསུས། ངལ་གསོའི་རིང་ས་གནས་དེ་གས་ཡུལ་སྐོར་བ་མི་ཐེངས་ཁྲི་80ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་2.4བྱུང་ཡོད་པ་རེད།
     ལེང་ཧྲན་ནི་རང་རྒྱལ་གྱི་དབྱིས་རིགས་ཀྱི་ཀྲོའུ་ཆེ་ཤོས་དེ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ལེང་ཧྲན་ཀྲོའུ་ཨུད་དང་སྲིད་གཞུང་གིས“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”དང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་རང་སྐྱོང་ཀྲོའུ་ཕྱོགས་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་ཡོང་བ་དམིགས་ཚད་དུ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གཙོ་རྐང་དུ་བྱེད་པ། རིགས་སྒྱུར་མཆོང་སྐྱོད་ལ་བརྟེན་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཀྱི་སྤྱི་ཁོག་འཕེལ་རྒྱས་འཐབ་ཇུས་བཏོད་ཡོད་པ་རེད།
      2015ལོར་ལེང་ཧྲན་ཀྲོའུ་ཡིས་ཐོན་ལས་ཀྱི་བཀོད་ཇུས་ལེགས་སྒྲིག་བྱེད་སྐབས། བཀོད་སྒྲིག་གལ་ཆེན་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱི་ཀ་རྟེན་ཐོན་ལས་དེ་ཐོན་ལས་ཨང་དང་པོར་ལེགས་སྒྲིག་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཏོན་ཡོད་པ་རེད།
     ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་དམིགས་ནས“ཤམ་བྷ་ལའི་ཡུལ་སྐོར་ལམ་རྒྱུད”དུ་གནས་པའི་ལེང་ཧྲན་ཡུལ་སྐོར་ཐོན་ལས་དེ་གྲོང་གསེབ་ཀྱི་ཡུལ་སྐོར་ཕྱོགས་སུ་སྣུར་སྲིང་དང་། དབུལ་སྒྲོལ་འགག་སྒྲོལ་ཕྱོགས་སུ་སྣུར་སྲིང་། སི་ཁྲོན་དང་ཡུན་ནན་གྱི་ཤམ་བྷ་ལའི་ཡུལ་སྐོར་བཀོད་ཇུས་ཕྱོགས་སུ་མཐོར་གཏོང་བཅས་བྱས་ཡོད།
     2017ལོའི་ཟླ་7པར། ལེང་ཧྲན་དབྱིས་རིགས་ཀྱི་སྲོལ་རྒྱུན་མེ་ཕུང་དུས་ཆེན་དེ་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་ཀྲའོ་ཅུའེ་རྫོང་ཀུའུ་ཁེ་ཏེ་ས་མཐོའི་འདམ་རར་གཉེར་བ་དང་། དེ་ནི་ལེང་ཧྲན་དབྱིས་རིགས་ཀྱི་མེ་ཕུང་དུས་ཆེན་རྫོང་དབུལ་པོའི་མཛེས་ལྗོངས་ཁུལ་དུ་གཉེར་ཐེངས་དང་པོ་དེ་རེད།
     ཉིན་དེར་ཡུལ་སྐོར་བ་མི་ཐེངས་ཁྲི་60ལྷག་ཙམ་ཀུའུ་ཁེ་ཏེ་ས་མཐོའི་འདམ་རར་བསྐྱོད་དེ་གླུ་ལེན་གར་འཁྲབ་བྱས་ནས་མཛེས་སྡུག་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་ས་མཐོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་ཡོད་པ་རེད།
     2018ལོའི་ཟླ་1པོར། སི་ཁྲོན་མ་འཇོག་ཚོགས་པ་སོགས་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.3བཏང་བའི“‘གཡང་གཟར་གྲོང་ཚོ’སྟེ། ཀུའུ་ལི་གྲོག་རོང་མཛེས་ལྗོངས་ཁུལ”གྱི་རྣམ་གྲངས་ལས་འགོ་ཚུགས་པ་དང་། ‘གཡང་གཟར་གྲོང་ཚོའི’གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དངོས་སུ་བཀོལ་སྤྱོད་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། དགའ་སྤྲོས་རབ་ཏུ་མྱོས་པའི་གྲོང་མི་ཚོས་ཀྱང་སྐད་གསང་མཐོན་པོས་གླུ་ལེན་བཞིན་མཆིས།
     ཞིང་ལས་བྱེད་སྟངས་གསར་པར་བརྟེན་ནས་ཞིང་པར་ཡོང་འབབ་མང་པོ་རག་ཐབས་བྱེད་པ།
     མེན་ཉིང་རྫོང་ཐོ་ཝུའུ་ཤང་ལུའུ་པ་གྲོང་ཚོ་ནི་ས་བབ་མཐོ་ཚད་སྨི་2100ནས་སྨི་3500བར་གྱི་སར་གནས་ཡོད། དེ་གར་རི་མཐོ་ལ་ལམ་ཀྱོག་མང་བ་དང་། གནམ་གཤིས་ཞན་པས་གྲོང་ཚོ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་62དང་མི་གྲངས་272ཡོད་པ་རེད།
    2016ལོའི་ལོ་འགོར། གྲོང་ཚོ་དེས་ས་ཞིང་བརྒྱུད་བཤུག་བྱས་པ་བརྒྱུད། གྲོང་ཚོའི་ས་ཆ་མུའུ་678གཅིག་སྡུད་བྱས་ནས་ཁྲེང་ཏུའུ་ཡི་ཁེ་ལས་ཤིག་ནང་འདྲེན་བྱས་ཏེ་ཤ་མོ་འདེབས་འཛུགས་རྟེན་གཞི་ཞིག་སྐྲུན་པ་རེད། རྟེན་གཞི་དེས་སྲིད་གཞུང་གི་མཛུབ་ཁྲིད་དང་། ཁེ་ལས་ཀྱི་ཁྲིད་སྟོན། དངུལ་ཁང་གི་ཁག་ཐེག ཞིང་པ་མ་རྐང་ནང་ཞུགས་པ་བཅས་ཀྱི་དབུལ་སྐྱོར་བྱེད་སྟངས་སྤྱད་པ་དང་། གྲོང་མི་ཚོར་གྲོང་ཚོའི་མཉམ་སྡེབ་མ་དངུལ་མ་རྐང་ནང་བཏང་བས་ཁེ་སྤོགས་བགོ་བཤའ་རག་པ་དང་། ས་ཞིང་བརྒྱུད་བཤུག་བྱས་པར་བོགས་དངུལ་རག་པ། རྟེན་གཞིའི་ནང་ལས་མི་བྱས་པར་གླ་ཕོགས་ལེན་རྒྱུ་བྱུང་ཡོད།
    གྲོང་མི་ཏེང་ཝུའུ་སཱ་ཡིས་རང་ཉིད་ཉིན་མོ་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད། ཉིན་རེར་སྒོར་80དང་མཚན་མོར་སྒོར་50ཡོད་པའི་ཁར། བཟའ་ཟླ་ཡང་འདི་གར་ལས་ཀ་བྱེད་ཀྱི་ཡོད། ང་གཉིས་ཀྱི་གླ་ཕོགས་བསྣན་ན་ཟླ་རེར་སྒོར་6000ཙམ་ཟིན་གྱི་ཡོད་ཅེས་བཤད།
     ལུའུ་ཀུའུ་མཚོ་འགྲམ་གྱི་ཡན་ཡོན་རྫོང་ལ་ཀུ་ཤུ་ཐོན་འབོར་ཆེ་བས་སྐད་གྲགས་ཆོད། ད་ཆ་དྲ་ཐོག་ཚོང་ཁང་ནས་བྲིན་ཚོང་བྱ་རྒྱུ་ནི་རྫོང་དེའི་ཀུ་ཤུ་སོགས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་བྱེད་སྟངས་གལ་ཆེན་ཞིག་ལ་གྱུར་ཡོད། 2015ལོར་རྫོང་ཡོངས་སུ་རིགས་ཁག་གི་དྲ་ཐོག་ཚོང་ཁང་500ཙམ་ཡོད་པ་དང་། 2017ལོར་རྫོང་ཡོངས་སུ་ཐའོ་པའོ་ཚོང་ཁང་2200ལྷག་ཙམ་མང་དུ་ཕྱིན་ནས་ཞིང་ལས་ཐོན་རྫས་དྲ་ཐོག་ནས་བྲིན་ཚོང་བྱས་པར་སྒོར་དུང་ཕྱུར་2ལྷག་ཙམ་བྱུང་ཡོད་པ་རེད།
     སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་བྱས་པས་རིགས་སྒྱུར་མཆོང་སྐྱོད་མགྱོགས་པོ་བྱུང་བ།
     ལེང་ཧྲན་ནི་རང་རྒྱལ་དུ་སྐད་གྲགས་ཆོད་པའི་གཏེར་ཁ་ཐོན་ཁུངས་འབེལ་བའི་ཁུལ་ཞིག་རེད། སྔོག་འདོན་དང་། འདེམས་པ། སྣུར་སྲིང་། གསོག་འཇོག་བཅས་གཙོ་བོར་བྱས་པའི་ཐོན་ཁུངས་རྣམ་པའི་དཔལ་འབྱོར་ནི་སྔོན་ཆད་ལེང་ཧྲན་གྱི་བཟོ་ལས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ད་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག ཐོན་ཁུངས་རྣམ་པའི་གྲོང་ཁྱེར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་རྒྱུ་ནི་ལེང་ཧྲན་གྱི་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་གྱི་དམིགས་ཚད་ལ་གྱུར་ཡོད།
     རླངས་འཁོར་ལ་བསྡད་དེ་ལེང་ཧྲན་དུ་སྐྱོད་སྐབས། ལུང་གཞུང་ནས་རི་མཐོའི་རླུང་ཤུགས་གློག་ཚོགས་རེ་རེ་བཞིན་ང་ཚོའི་མིག་ལམ་དུ་མངོན། 2017ལོ་ཁོ་ནར་ལེང་ཧྲན་ཀྲོའུ་ཡི་ཆན་ཝ་ཁྲི་70ཟིན་པའི་རླུང་གློག་གསར་དུ་ལས་འགོ་ཚུགས་པ་རེད། དེ་བས་རྒྱ་ཆེ་བ་ནི་ཆུ་གློག་གི་འདུས་འཛོམས་ཡིན་པའི་གྲས་སུ་ཞི་ལུའོ་གྲུ་ཁ་དང་ཁྲུང་ཁྲུང་དཀར་པོའི་བྱེ་ཐང་སོགས་ཚུད་པའི་ཆུ་ཤུགས་གློག་ཁང་ཧ་ཅང་ཆེན་པོ་དང་ཆེ་གྲས་9ཚང་མ་ལེང་ཧྲན་དུ་བཀོད་སྒྲིག་བྱས་ཡོད་པ་རེད།
     2017ལོར་ལེང་ཧྲན་གྱིས་ཧྲང་ཧའེ་དང་ཅང་སུའུ་སོགས་སུ་གློག་འདྲེན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1115ཟིན་པ་དང་གློག་ཚད་དེ་ཧྲང་ཧའེ་གྲོང་ཁྱེར་གྱིས་ལོར་སྤྱོད་པའི་གློག་ཚད་ཀྱི་70%དང་ཧ་ལམ་མཚུངས་ཀྱི་ཡོད་པ་རེད།
    མིག་སྔར། ལེང་ཧྲན་དེ་ཉིད་རང་རྒྱལ་གྱི་ནུབ་གློག་ཤར་འདྲེན་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། འོན་ཀྱང་ས་གནས་དེ་གའི་སྲིད་གཞུང་གི་འཆར་འགོད་ནང་ལེང་ཧྲན་དེ་ཉིད་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་རེད།
     ལེང་ཧྲན་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་སྐྱོད་སྐབས། དབུལ་སྒྲོལ་འགག་སྒྲོལ་དང་རིགས་སྒྱུར་རིམ་སྤོར་དག་ཚོན་ཁྲ་ཅན་གྱི་པིར་རིས་གཉིས་དང་འདྲ་བར་ལེང་ཧྲན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1