ད་ལོའི་ཟླ་4པར། གནའ་རྫས་ཉམས་ཞིབ་པ་ཚོས་མེག་སི་ཁོ་ཡི་ཤར་ལྷོའི་མཚམས་ཀྱི་ཡིའུ་ཁ་ཐན་ཕྱེད་གླིང་གི་ནགས་ཚལ་ཁྲོད་དུ་གནའ་བོའི་མ་ཡ་གྲོང་ཁྱེར་གྱི་རྗེས་ཤུལ་Lagunitaདང་Tamchenགཉིས་རྙེད། ཉམས་ཞིབ་པས་རྗེས་ཤུལ་སོ་སོ་ནས་ཕོ་བྲང་དང་ཆ་འདྲ་བའི་བཟོ་བཀོད་དང་གཏོར་གཟུགས་མཆོད་རྟེན། ཐང་ཆེན་བཅས་རྙེད་ཡོད་པ་དང་། དེ་དག་ལས་གཏོར་གཟུགས་མཆོད་རྟེན་ལ་ཕལ་ཆེར་སྨི་20ཙམ་ཡོད་འདུག ཉམས་ཞིབ་པའི་འགོ་ཁྲིད་མཁན་གྱིས། ངས་བསམ་ན་ས་ཁུལ་འདིར་ད་དུང་ཡང་མ་ཡའི་རྗེས་ཤུལ་མང་པོ་ཞིག་གསར་རྙེད་བྱ་རྒྱུར་ལུས་ཡོད་ངེས་རེད་ཅེས་བཤད་སོང་།
དུས་རབས་20པའི་ལོ་རབས་70བར། ཨ་རིའི་མྱུལ་དཔྱད་པ་Eric Von Euwཡིས་མ་ཡའི་གྲོང་ཁྱེར་Lagunitaའཚོལ་ཞིབ་གནང་མྱོང་བ་མ་ཟད། དེར་བགྲོད་པའི་དཔེ་རིས་ཤིག་ཀྱང་བྲིས་ཡོད་མོད། འོན་ཀྱང་མི་རྣམས་ཀྱིས་རྗེས་ཤུལ་འདིའི་གནས་ཡུལ་གཏན་ཁེལ་བྱས་ཐུབ་མི་འདུག འདི་ལྟར་ལོ་40ལྷག་གི་རྗེས་སུ། སི་ལུའོ་ཝུན་ནེ་ཡ་ཚན་རིག་དང་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་Ivan Sprajc ལགས་ཀྱིས་རང་གི་རུ་ཁག་འཁྲིད་ཤིང་། ས་ཁུལ་འདིའི་མཁའ་དབྱིངས་པར་ལེན་ལ་བརྟེན་ནས། ད་གཟོད་རྗེས་ཤུལ་འདི་རྙེད་འདུག གོང་གི་པར་རིས་འདི་ནི་སྤྱི་ཟླ་5པའི་ཚེས་5ཉིན། ཉམས་ཞིབ་མི་སྣས་Tamchenགྱི་རྗེས་ཤུལ་ནས་རྙེད་པའི་ཆར་ཆུ་གསོག་སྣོད་ཅིག་རེད། འདི་ནི་མ་ཡའི་མི་ཚོས་ཆར་ཆུ་གསོག་བྱེད་ཀྱི་ས་འོག་རྫིང་བུ་ཞིག་རེད།
པར་རིས་འདི་ནི་Tamchenརྗེས་ཤུལ་གྱི་རྣམ་པ་ཞིག་རེད། ཤེས་རྟོགས་བྱུང་བ་ལྟར་ན། གྲོང་ཁྱེར་འདི་གཉིས་ནི་གནའ་བོའི་དུས་སྐབས་(སྤྱི་ལོ་600-1000ལོ)དུས་མཇུག་ལ་དར་ཤིང་རྒྱས་ཡོད་འདུག པར་རིས་འདི་ནི་ཟླ་5པའི་ཚེས་17ཉིན། ཉམས་ཞིབ་པས་Lagunitaརྗེས་ཤུལ་ནས་རྙེད་པའི་རྡོ་རིང་གི་ཆག་དུམ་ཞིག་རེད།
པར་རིས་འདི་ནི་Lagunitaརྗེས་ཤུལ་ནས་རྙེད་པའི་རྡོ་རིང་ཆག་དུམ་ཞིག་རེད།
པར་རིས་འདི་ནི་ཟླ་4པའི་ཚེས་6ཉིན། ཉམས་ཞིབ་པས་Tamchenགྲོང་ཁྱེར་གྱི་རྗེས་ཤུལ་ནས་རྙེད་པའི་རྡོ་རིང་གི་ཆག་དུམ་ཞིག་རེད།
པར་རིས་འདི་ནི་ཟླ་5པའི་ཚེས་18ཉིན། ཉམས་ཞིབ་པས་Lagunitaརྗེས་ཤུལ་ནས་རྙེད་པའི་རྡོ་རིང་གི་ཆག་དུམ་ཞིག་རེད།
ཉམས་ཞིབ་པས་གནའ་བོའི་མ་ཡ་Lagunitaགྲོང་ཁྱེར་གྱི་རྗེས་ཤུལ་ནས་རྙེད་པའི་རྡོ་རིང་གི་ཆག་དུམ་ཞིག་རེད།
པར་རིས་འདི་ནི་ཟླ་5པའི་ཚེས་30ཉིན།མ་ཡ་Lagunitaགྲོང་ཁྱེར་གྱི་རྗེས་ཤུལ་བཟོ་བཀོད་ཅིག་རེད།