བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཁོངས་ཀྱི་མང་ཚོགས་སྡོད་ཁང་ནི"མཁར་རྫོང"རྣམ་པས་སྐྲུན་ཡོད་པ་སྟེ། མཐོ་ཞིང་བརྗིད་ཆགས་པ། མུ་སྦྲེལ་ནས་ཆགས་ཡོད་པ་རེད། དེ་ལ་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་ཞིག་ལྡན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁང་པའི་རྒྱ་ཁྱོན་ཆེ་ཞིང་། སྤྱི་བཏང་ལ་ཐོག་བརྩེགས་རིམ་པ་3མམ་4ཡོད་ཅིང་། ཆེས་མཐོ་བ་ལ་ཐོག་བརྩེགས་རིམ་པ་5ཡོད་པ་རེད། སྒེའུ་ཁུང་མེད་ཅིང་། ཐོག་བརྩེགས་རེ་རེའི་ཕྱོགས་བཞིའི་གྱང་ངོས་ལ་སྨི་10ནས་15བར་གྱི་བུ་ག་ཡོད་པས། དེ་ནས་ཕྱི་རོལ་ཏུ་སོ་ལྟ་བྱ་ཐུབ།
ཐོག་བརྩེགས་བཞི་ཅན་གྱི་ཁང་པ་འདིའི་མཐོ་ཚད་ལ་ཁྱོན་སྨི་20ལྷག་ཡོད་པ་དང་། ཐོག་བརྩེགས་དང་པོ་ནི་སྒོ་ར་ཡིན་པ། གཉིས་པ་ནི་ཇ་ཁང་དང་ཉལ་ཁང་ཡིན་ཞིང་། གསུམ་པ་རུ་མཆོད་ཁང་། འབྲུ་མཛོད་ཁང་། བཞི་བར་ཉི་ར་དང་རྩྭ་ཁང་བཅས་ཡོད་པ་རེད། སྤྱི་བཏང་དུ་ལོ་གསུམ་ནས་ལྔའི་བར་དུ་སྐྲུན་ཀྱི་ཡོད་པ་རེད།