ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་སྲུང་སྐྱོབ་བྱེད་པའི་དམིགས་ཚད་ཆེན་པོ་བརྒྱད་བཏོན་པ་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཟླ་4ཚེས་24ཉིན《ཀྲུང་གོའི་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོབ་རྩ་གནད(2016ལོ་ནས་2020ལོ་བར)》 ཁྱབ་བསྒྲགས་བྱས་པ། ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་དམིགས་ཚད་བརྒྱད་བཏོན་པ་དང་འབྲེལ། དེའི་ཐད་གཙོ་གནད་བྱ་ཐབས་ཁག་བཅོ་ལྔ་བཏོན་པ་རེད།

གཅིག དམིགས་ཚད་བརྒྱད་དེ།

1.མཐུན་སྦྱོར་སྒོ་འབྱེད་ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ།

2.ཁ་གསལ་གཅིག་གྱུར་གྱི་ཤེས་བྱའི་བདག་དབང་ཤན་འབྱེད་ཚད་གཞིའི་སྒྲིག་སྲོལ་མ་ལག་འཛུགས་པ།

3.དོ་སྙོམས་འཕེལ་རྒྱས་ཀྱི་ཤེས་བྱའི་བདག་དབང་གི་ཁྲིམས་ཁང་མ་ལག་འཛུགས་པ།

4.བཀོད་སྒྲིག་ལུགས་མཐུན་གྱི་ཤེས་བྱའི་བདག་དབང་གྱོད་གཞི་དོ་དམ་བྱེད་ཁོངས་ལམ་ལུགས་ཀྱི་མ་ལག་འཛུགས་པ།

5.ཤེས་བྱའི་བདག་དབང་གྱོད་གཞིའི་ཁྱད་ཆོས་དང་འཚམ་པའི་དཔང་རྟགས་སྒྲིག་སྲོལ་གྱི་མ་ལག་འཛུགས་པ།

6. ཚན་རིག་ལུགས་མཐུན་གྱི་ཤེས་བྱའི་བདག་དབང་བཙན་གནོད་གུན་གསབ་ལམ་ལུགས་ཀྱི་མ་ལག་འཛུགས་པ།

7.ཤེས་བྱའི་བདག་དབང་གི་བྱང་ཚད་མཐོ་བའི་ཁྲིམས་དཔོན་དཔུང་ཁག་འཛུགས་པ།

8.ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་འབྲེལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་སོ། །

གཉིས། གཙོ་གནད་བྱ་ཐབས་ཁག་བཅོ་ལྔ་སྟེ།

1.གཞུང་དྲང་དང་ལས་ཆོད་ཆེན་པོས་ཤེས་བྱའི་བདག་དབང་གི་གྱོད་གཞི་སྣ་ཚོགས་འདྲི་ཞིབ་བྱེད་པ།

2.ནུས་ལྡན་གྱི་ལམ་སྲོལ་བཙུགས་ཏེ་བཅའ་ཁྲིམས་ཡང་དག་སྤྱོད་ཐུབ་པའི་འགན་ལེན་བྱེད་པ།

3.ཤེས་བྱའི་བདག་དབང་གི་དམངས་དོན་དང་། སྲིད་འཛིན། ཉེས་དོན་བཅས་འདྲི་གཅོད་ཀྱི“རིགས་གསུམ་གཅིག་སྒྲིལ”ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།

4.ཤེས་བྱའི་བདག་དབང་གྱོད་གཞིའི་དོ་དམ་བྱེད་ཁོངས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་བ།

5.ཤེས་བྱའི་བདག་དབང་གཏུག་བཤེར་དཔང་རྟགས་སྒྲིག་སྲོལ་བབ་བསྟུན་ངང་སྒྲིག་བཟོ་བྱེད་པ།

6.ལག་རྩལ་ལ་བརྟེན་ནས་དོན་དངོས་རྩད་གཅོད་མཐའ་གསལ་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ།

7.ཤེས་བྱའི་བདག་དབང་གི་རིན་ཐང་གང་ལེགས་མངོན་འགྱུར་གྱིས་སྟོན་ཕྱོགས་བྱེད་པའི་དབང་གནོད་གུན་གསབ་ལམ་ལུགས་འཛུགས་པ།

8.ཤེས་བྱའི་བདག་དབང་གཏུག་བཤེར་གྱི་དམིགས་བསལ་གོ་རིམ་བཅའ་ཁྲིམས་སྐོར་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པ།

9.ཤེས་བྱའི་དབག་དབང་འདྲི་གཅོད་ཀྱི་ཆེད་བཙུགས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ།

10.ཤེས་བྱའི་བདག་དབང་གི་གྱོད་གཞི་ཞུ་གཏུག་གི་ལམ་སྲོལ་ཞིབ་འཇུག་བྱས་ནས་སྒྲིག་འཛུགས་བྱེད་པ།

11.ཤེས་བྱའི་བདག་དབང་གི་གྱོད་དཔེའི་མཛུབ་ཁྲིད་ལམ་ལུགས་ཁྱབ་གདལ་ཧུར་ཐག་གཏོང་བ།

12.ཤེས་བྱའི་བདག་དབང་སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ།

13.ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་ཡོངས་བསྒྲགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།

14.རྒྱལ་སྤྱིའི་བར་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ།

15.ཤེས་བྱའི་བདག་དབང་གི་བྱང་ཚད་མཐོ་བའི་འདྲི་གཅོད་དཔུང་ཁག་འཛུགས་པ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1